སཱ་ར་མཐོ་སློབ་ཀྱི་སློབ་མ་གསར་བསྡུའི་གསལ་བསྒྲགས་ཁག་གཉིས།

དང་པོ། སྐབས་ ༡༨ པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།
༡༽ གཞི་རིམ་འཛིན་གྲྭ་བཅུ་གཉིས་སློབ་ཐོན་ཟིན་པའི་ལག་འཁྱེར་ཡོད་པའི་སློབ་མ་རྣམས་སྐབས་ ༡༨ པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ནང་ཚུད་རྒྱུགས་ལམ་ནས་སློབ་འཇུག་བྱ་རྒྱུ་ཡིན་ཞིང༌། འདི་ག་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པ་དང་ལྷན་དུ་རྒྱ་གར་མཐོ་སློབ་ (Correspondence course) ཏུ་ཡིག་འགྲུལ་སློབ་སྦྱོང་གི་མཐུན་འགྱུར་ཡང་ཞུ་བཞིན་ཡོད་ན། ཞུ་སྙན་འབུལ་སྐབས་གལ་ཏེ་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་རགས་མེད་ཚེ། རང་ཉིད་གང་ནས་ཐོན་པའི་སློབ་གྲྭའི་ཡིག་ཚང་ནས་འཕྲལ་སེལ་འཛིན་གྲྭ་བཅུ་གཉིས་ཀྱི་ངོས་སྦྱོར་ཡི་གེས་ (Provisional Certificate) འཐུས་ཀྱང༌། རྗེས་སུ་མཐོ་སློབ་ལ་དངོས་སུ་ཞུཊ་སྐབས་ངེས་པར་དུ་མཉམ་འཁྱེར་བྱ་དགོས།

༢༽ གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་མེད་ཀྱང༌། བོད་ཡིག་གི་ཤེས་ཚད་གང་འཚམ་ཡག་པོ་ཡོད་ཅིང༌། མཐོ་རིམ་རིག་གནས་སློབ་སྦྱོང་བྱ་རྒྱུར་འདུན་པའང་ཤུཊ་ཆེན་ཡོད་པའི་ན་གཞོན་རྣམས་ཀྱི་ཆེད། སྐབས་ ༡༨ པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ནང་ཚུད་རྒྱུགས་ལམ་ནས་སློབ་འཇུག་བྱ་རྒྱུ་ཡིན་ན་ཞུཊ་བློ་ཡོད་པ་ཀུན་གྱིས། ཕྱི་ལོ་ ༢༠༡༥།༠༣།༢༡ ལས་མ་འགྱངས་པར་གཤམ་གསལ་གྱི་ཁ་བྱང་ཐོག་སྙན་ཞུ་འབུལ་གནང་ཡོད་པ་ཞུ། ཚུད་རྒྱུགས་སྐབས་འཛིན་རིམ་ལྔ་པའི་གནས་ཚད་དང་མཉམ་པའི་སྒོ་ནས་སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག་གཉིས་གང་རུང༌། ཡིག་རྒྱུཊ་སྤྲོད་དགོས།

གཉིས་པ། སྐབས་ ༡༨ པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ཡིག་འགྲུལ་སློབ་མ་གསར་བསྡུ།

གཞི་རིམ་འཛིན་གྲྭ་བཅུ་གཉིས་ཀྱི་ལག་འཁྱེར་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་གི་ཤེས་ཚད་གང་འཚམ་ཡག་པོ་ཡོད་ཅིང༌། མཐོ་རིམ་རིག་གནས་སློབ་སྦྱོང་བྱ་རྒྱུར་འདུན་པའང་ཤུགས་ཆེན་ཡོད་པའི་ན་གཞོན་རྣམས་ཀྱི་ཆེད། ཡིག་འགྲུལ་ལམ་ནས་སྐབས་ ༡༨ པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ནང་ཚུད་རྒྱུགས་ལམ་ནས་སློབ་འཇུག་བྱ་རྒྱུ་ཡིན་ན་ཞུགས་བློ་ཡོད་པ་ཀུན་གྱིས། ཕྱི་ལོ་ ༢༠༡༥།༠༣།༢༡ ལས་མ་འགྱངས་པར་གཤམ་གསལ་གྱི་ཁ་བྱང་ཐོག་སྙན་ཞུ་འབུལ་གནང་ཡོད་པ་ཞུ།

༡། སྐྱེས་ལོ་སྐྱེས་ཚེས་ཁ་གསལ་ཡོད་པའི་རང་གི་ལོ་རྒྱུས་དང་ཕྱེད་པར་གཉིས།
༢། བོད་མིའི་དཔྱ་དངུལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།
༣།རང་ཉིད་གང་དུ་སྡོད་སའི་ཁ་བྱང་དང༌། གློག་འཕྲིན་ཁ་བྱང༌། ཁ་པར་ཨང་གྲངས་བཅས་ཁ་གསལ་འགོད་དགོས།

གསལ་བཤད། ཚུད་རྒྱུགས་དུས་ཚོད་ཀྱང་ཕྱི་ལོ་ ༢༠༡༥།༠༤།༡༣ ནས་ ༢༠༡༥།༠༤།༡༥ བར་དུ་གཏན་འཁེལ་ཡིན།

Miss. Tenzin Tsenyi
Office Secretary
College for Higher Tibetan Studies
P.O. Sarah, Dharamsala, Kangra-176215 INDIA

Share this:
༨༨༣ ཀློག་གྲངས།