མོན་གྷོ་གཞིས་ཆགས་སུ་གསུམ་དུས་སྲུང་བརྩི།

ཟླ་འདིའི་ཚེས་༡༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ང་དྲུག་སྲུང་བརྩི་བྱས་ཡོད་པ་རེད།
mundgodདེ་ཡང་སྔ་དྲོ་ཆུ་ཚོད་༧ པའི་ཐོག་མོན་གྷོ་ནོར་བུའི་རིར་སེར་སྐྱ་མི་མང་ཚང་འཛོམས་ཐོག་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུར་དང་བསང་གསོལ་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་པ་དང་། ཆུ་ཚོད་༩  པའི་ཐོག་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་།   སྐུ་འགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། དམིགས་བསལ་སྐུ་འགྲོན་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་བླ་མ་ཆོས་འཕེལ་བཟོད་པ། ས་འཐུས་ཚོགས་གཙོ་ཚོགས་གཞོན་དབུས་ས་འཐུས་རྣམས་པ། ས་གནས་འགོ་འཛིན་གཙོས་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་མཉམ་འཛོམས་ཀྱིས་གཞུང་འབྲེལ་སུམ་བཅུའི་དུས་དྲན་དངོས་སུ་སྲུང་བརྩི་ཡོད་པ་རེད། ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན། དེ་བཞིན་དམིགས་བསལ་སྐུ་མགྲོན་རྣམ་པས་རང་གཞུང་བཀའ་སྤྱི་གཉིས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་མི་མང་ལ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་བསྐྱངས་གནང་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་སོ་སོར་ཡང་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་གཞུང་འབྲེལ་གྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༧༧ ཀློག་གྲངས།