ཁམས་སོག་རྫོང་གི་སྐྱ་སེར་བཞི་འཛིན་བཟུང་།

11077717_10206594182998371_632704553_n
ཆོས་དཔལ་ཟླ་བ།

ཕྱི་ཟླ་༣ ཚེས་༢༨ ཉིན་གྱི་མཚན་མོར་སོག་ཙན་དན་དགོན་པའི་གྲྭ་ཆོས་དཔལ་ཟླ་བ་དང་། གྲྭ་འཇིགས་མེད་དབང་རྒྱལ། གྲྭ་ཆོས་དབྱིངས་ཆོས་དགའ། མི་སྐྱ་རྡོ་རྗེ་གྲགས་པ་བཅས་རྒྱ་ནག་གིས་ཛིན་བཟུང་བྱས་འདུག
ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་སྐོར་ལ་རྒྱ་གཞུང་གི་གསལ་བཤད་གང་ཡང་བྱས་མེད་པ་དང། གྲྭ་ཆོས་དཔལ་ཟླ་བ་ནི་༢༠༡༢ ཟླ་༡ ཚེས་༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ལོ་དེའི་ཟླ་༢ པའི་ཚེས་ཤར་ཙམ་ལ་གསང་བའི་ངང་ནས་དུས་བཀག་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་མྱོང་ཡོད་པ་རེད།
ཁོང་རང་ལོ་༢༧ ཙམ་ཡིན་པ་དང། སོག་རྫོང་གི་གཡག་ལ་ཡུལ་ཚོའི་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག འཇིགས་མེད་དབང་རྒྱལ་ནི་གཡག་ལ་ཡུལ་ཚོའི་མཁར་དམར་གྲོང་གི་གླ་རུ་བདེ་ཆེན་ཚང་གི་གྲྭ་པ་ཆེ་བ་རེད་འདུག གྲྭ་ཆོས་དབྱིངས་ཆོས་དགའ་དང་། མི་སྐྱ་རྡོ་རྗེ་གྲགས་པ་གཉིས་ནི་གཡག་ལ་ཡུལ་ཚོའི་གྲོང་ཚོ་དང་པོ་མི་ཉག་ཨ་བུ་ཚང་གི་བུ་རེད་འདུག དེང་སྐབས་དམ་དྲག་ཆེ་རྐྱེན་ས་གནས་བོད་མི་ཕན་ཚུན་འབྲེལ་བ་བྱེད་ཁག་པའི་གནས་སྟངས་འོག ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཁག་པོ་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།།
གསར་འགོད་པ་ངག་དབང་ཐར་པ།

Share this:
༡༡༠ ཀློག་གྲངས།