མོན་གྷོ་རུ་སྤྲུལ་སྐུ་གློད་གྲོལ་དགོས་པའི་ལས་འགུལ།

mungod1ཟླ་འདིའི་ཚེས་༦ ཉིན་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཡོད་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་དང་འབྲེལ་ཡོད་མཐོ་སློབ་འགྲིམ་བཞིན་པའི་སློབ་བ་བཅས་ཐུན་མོང་གི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོག་འོག་འཛིན་བཟུང་བཙོན་འཇུགས་བྱས་ནས་མི་ལོ་ངོ་ཧྲིལ་པོ་༡༣ འཁོར་གྱི་ཡོད་པར་བརྟེན། ལོ་འདིར་རིན་པོ་ཆེ་སྨན་བཅོས་ཆེད་ངེས་པར་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུ་ཆེད་བཅས་སུ་དུས་དྲན་མཛད་སྒོ་ཞིག་འབྲས་སྒོ་མང་དཔལ་ཤུལ་མི་ཚན་གྱི་འདུ་འཚོགས་ཡོད་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་སྤུངས་ཚོགས་ཆེན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན། མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་བཅས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་།  དེ་བཞིན་རིན་པོ་ཆེའི་འབྲེལ་ཡོད་གདན་ས་དགའ་འབྲས་གཉིས་དང་བཙུན་དགོན་བཅས་ཀྱི་གྲྭ་བཙུན་དང་སློབ་ཕྲུག་བཅས་མཉམ་འཛོམས་བྱས་ཡོད་པ་རེད།

mungodཞབས་ཞུ་ཚོགས་པའི་ཚོགས་མི་དགེ་བཤེས་བསྟན་འཛིན་ཆོས་འཕེལ་གྱིས་དུས་དྲན་གྱི་མཛད་རིམ་ངོ་སྤྲོད་གྲུབ་པ་དང་།  སྐུ་མགྲོན་གཙོ་བོ་ཚོགས་ཆེན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱིས་དམིགས་བསལ་རིན་པོ་ཆེའི་མཛད་རྣམ་ཁ་བ་དཀར་པོ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་།  སྐུ་མགྲོན་རྣམས་ཀྱིས་རིམ་པས་རིན་པོ་ཆེ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་བ་དང་།   ༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དམ་བཀའ་ལུང་གཞིར་བཟུང་རིན་པོ་ཆེའི་སྐུ་རིམ་ལྷ་མོའི་ཚོགས་མཆོད་དང་འཕྲིན་བཅོལ་སོགས་ཞབས་རིམ་གསོག་སྒྲུབས་གནང་ཡོད་པ་རེད་འདུག

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༡༠༢ ཀློག་གྲངས།