བོད་དོན་ངོ་སྤྲོད།

ཟླ་འདིའི་ཚེས་༢༡ ཉིན་བྷེལ་ཀོབ་ས་གནས་བུད་མེད་ཀྱི་གོ་སྒྲིག་འོག སེ་ར་ཡིད་དགའ་ཆོས་གླིང་དུ་རྒྱ་གར་གྱི་kodaikanal international school དགེ་རྒན་དང་སློབ་མ་༥༧ ལ་བོད་དོན་ངོ་སྤྲོད་སྐོར་གྱི་གསུང་བཤད་གནང་ཡོད་པ་དང། སྐབས་དེར་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ངོ་སྤྲོད་གནང་བ་དང། ཚེས་༢༣ ཉིན་ས་གནས་བུད་མེད་ཚོགས་གཙོ་སྒྲོལ་མ་ལགས་ཀྱིས་བོད་པ་སྐྱབས་བཅོལ་དུ་ཡཽང་བའི་བརྒྱུད་རིམ་དང། ད་ལྟ་བོད་མིའི་གཞིས་ཆགས་ཀྱི་གནས་བབས་དང་བྱུང་རིམ། དེ་བཞིན་བོད་ཀྱི་བུད་མེད་ཚོགས་པའི་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད་པ་རེད་ཅེས་ས་གནས་བུད་མེད་དྲུང་ཆེ་བསྟན་འཛིན་དབང་མོ་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌།། མེ་སོར་གསར་འགོད་པས།
བོད་དོན་ངོ་སྤྲོད།

Share this:
༣༧ ཀློག་གྲངས།