ཨི་སི་རེལ་ནང་མི་རིགས་འདྲ་མཉམ་མེད་པའི་ངོ་རྒོལ།

ཨི་སི་རེལ་གྱི་ཨི་ཐོ་པི་ཡ་ཞེས་པའི་རྗེའུ་གྲངས་ཉུང་མི་རིགས་ཀྱི་མི་མང་སྟོང་ཕྲག་བརྒལ་བས། གྲོང་ཁྱེར་ཊེལ་ཨེ་ཝིབ་ཏུ་རྒྱལ་ཁབ་ནང་མི་རིགས་འདྲ་མཉམ་མེད་པ་དང་ཉེན་རྟོག་པའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ། གཞུང་ལམ་བཀག་པ་དང་ཉེན་རྟོག་པའི་དང་མཉམ་དུ་འཁྲུག་འཛིང་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རེལ་གྱི་གྲོང་ཁྱེར་ཊེལ་ཨེ་ཝིབ་ཏུ་རྒྱལ་ཡོངས་ནས་ཨི་ཐོ་པི་ཡ་ཞེས་པའི་རྗེའུ་གྲངས་ཉུང་མི་རིགས་སྟོང་ལ་བརྒལ་བ་མཉམ་འཛོམས་ཀྱིས། ཁོང་ཚོར་གཞུང་ངོས་ནས་ལྟ་སྐྱོང་འདྲ་མཉམ་མེད་པ་དང་ཉེན་རྟོག་པས་ཕྱོགས་རིས་ཀྱི་གདུག་རྩུབ་ལ་ངོ་རྒོལ་བྱས་འདུག

11225866_954444357928848_234345454ཉིན་མོར་ལས་འགུལ་ཚང་མ་ཞི་བའི་ངང་བྱུང་ཡོད་ནའང། ཕྱི་དྲོར་ངོ་རྒོལ་དེ་དྲག་པོར་གྱུར་ཏེ་ཉུང་མཐར་ཡང་ཉེན་རྟོག་པ་༤༦ ཙམ་ལ་རྨས་སྐྱོན་ཐེབས་ཡོད་པ་དང། ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་གྱི་མི་མང་པོ་ཞིག་འཛིན་བཟུང་ཡང་བྱས་ཡོད་པ་རེད།

ངོ་རྒོལ་པ་ཚོས་རྡོ་དང་ཤེལ་དམ་གཡུགས་པ་དང་། བདེ་སྲུང་ཉེན་རྟོག་མི་སྣའི་བཞོན་འཁོར་ལ་མེ་སྤར་ཏེ་རྒོལ་འཛིང་བྱས་ཡོད་པ་ལས། ཉེན་རྟོག་པ་རྣམས་ཀྱིས་ངོ་རྒོལ་ལྷིང་འཇགས་ཡོང་ཐབས་སུ་མཆི་འབྱིན་དུག་རླངས་དང་། མགོ་འཐོམ་ལག་འབོལ་སོགས་བེད་སྤྱོད་བྱས་ཡོད་པ་འདུག

ལས་འགུལ་པ་ཞིག་གིས་ས་གནས་གསར་འགོད་པར། ཁོང་ཚོ་ཨ་རིའི་གྲོང་ཁྱེར་བེལ་ཊི་མོར་ཁྲོད་མི་རིགས་ནག་པོ་ཞིག་སྐོར་སྲུང་བས་དོ་དམ་འོག་འདས་གྲོངས་སུ་གྱུར་པའི་དོན་རྐྱེན་བྱུང་བའི་རྗེས། མི་རིགས་ནག་པོ་ཚོས་དྲག་པའི་ངོ་རྒོལ་ཤིན་ཏུ་རྒྱ་ཆེ་བྱས་པ་ལྟ་བུའི་ཚད་ལ་སླེབས་འདོད་མེད་སྐོར་བརྗོད་འདུག དེ་བཞིན་ངོ་རྒོལ་བ་གཞན་ཞིག་གིས་འཕྲེད་དར་སྟེང། སྲིད་བློན་བྷེན་ཇ་མེན། ཁྱེད་ཀྱི་བེལ་ཊི་མོར་ངོ་རྒོལ་གྱེན་ལངས་དེ་ཨི་སི་རེལ་ནང་སླེབས་མ་འཇུག་ན་བཟང་ཅེས་བྲིས་ཡོད་པ་རེད།

11208961_954444334595517_4223554623དེ་དང་དུས་མཚུངས་ཨི་ཐོ་པི་ཡ་ཞེས་པའི་རྗེའུ་མི་རིགས་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་ཁོང་ཚོར་རང་དབང་དང། འདྲ་མཉམ། བདེ་སྲུང་ཉེན་རྟོག་མི་སྣའི་སྡུག་སྦྱོང་འོག་སྡོད་འདོད་མེད་པའི་་འབོད་སྒྲ་འདོན་ཡོད་འདུག

ཐེངས་འདིའི་ངོ་རྒོལ་བྱུང་དོན་གཙོ་བོ་ནི་དམག་ཆས་གོན་པའི་ཨི་ཐོ་པི་ཡའི་མི་གཅིག་ལ་ལམ་ཁུག་ཞིག་ཏུ། ཉེན་རྟོག་པ་གཉིས་ཀྱིས་རྡུང་རྡེག་བཏང་པའི་འཕྲིན་པར་དྲ་ལམ་བརྒྱུད་ཐོན་ཁྱབ་གདལ་དུ་སོང་བའི་རྐྱེན་གྱིས་ཡིན་འདུག

ཕྱི་ཚེས་༤ རེས་གཟའ་ཟླ་བའི་ཉིན་ཨི་སི་རེལ་སྲིད་བློན་བྷེན་ཇ་མིན་ནཱ་ཊན་ཡཱ་ཧུ་ཡིས། རྡུང་རྡེག་ཕོག་པའི་དམག་མི་དེ་དང། ཨི་ཐོ་པི་ཡ་ཨི་སི་རེལ་གྱི་འགོ་ཁྲིད་རྣམས་དང་ལྷན་དུ་ཐུག་འཕྲད་བྱས་ཏེ། དམག་མི་དེར་སེམས་གསོ་བྱས་ཡོད་པ་མ་ཟད། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་འོག མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་རྩ་བ་ནས་མེད་པ་བཟོ་ཐབས་དགོས་པའི་ལམ་སྟོན་བྱས་ཡོད་འདུག

དེ་བཞིན་རྡུག་རྡེག་གཏོང་མཁན་གྱི་ཉེན་རྟོག་པ་གཅིག་ལས་གནས་ནས་ཕྱིར་འཕུད་བྱས་ཡོད་པ་དང་། གཅིག་གནས་སྐབས་རིང་ལས་ཀ་ནས་དགོངས་ཞུ་བཏང་ཡོད་པ་རེད།

ཕྱི་ལོ་༡༩༨༤ནས་༡༩༩༠ བར་ཨི་ཐོ་པི་ཡའི་རྒྱལ་ཁབ་ནང་བརྟན་ལྷིང་མེད་པའི་དཀའ་ངལ་འོག ཨི་སི་རེལ་གྱི་རྗེའུ་ཨི་ཐོ་པི་ཡའི་མི་སེར་ཧ་ཅང་མང་པོ་ཞིག ཨི་སི་རེལ་གཞུང་གི་གསང་བའི་ཐོག་སྐྱབས་གསོ་ལེན་མཁན་ཤ་སྟག་ཡིན་ཡང། མི་སེར་དེ་དག་ད་བར་ཨི་སི་རེལ་གྱི་སྤྱི་ཚོགས་ནང་ངོས་ལེན་མི་བྱེད་པའི་དཀའ་ངལ་རྒྱ་ཆེར་འཕྲད་བཞིན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ཟླ་བ།

Share this:
༡༢༣ ཀློག་གྲངས།