ཉི་ཧོང་སྲིད་བློན་གྱིས་བོད་དོན་གླེང་བ།

བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། དེའི་སྐབས་ཕྱོགས་གཉིས་ནས་དཀའ་རྙོག་རྣམས་ཞི་བའི་གྲོས་མོལ་ལམ་ནས་སེལ་དགོས་སྐོར་གྲོས་བསྡུར་བྱུང་བ་མ་ཟད། ཉི་ཧོང་གི་སྲིད་བློན་མཆོག་གིས་ཡུ་རོབ་མནའ་འབྲེལ་མཐུན་ཚོགས་བཞིན་ཤར་ཨེ་ཤ་ཡའི་མནའ་འབྲེལ་མཐུན་ཚོགས་ཤིག་ཀྱང་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་ཡང་གསུངས་ཡོད་པ་རེད། གཞན་ཡང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང། རྒྱ་ནག་གི་སྲིད་འཛིན་ཧུའུ་གཉིས་ཟུར་མཇལ་གནང་ཡོད་ཀྱང། ཕན་ཚུན་བར་བསྟུན་མཁས་རྐྱང་རྐྱང་མ་གཏོགས་བོད་དོན་སོགས་ལ་གྲོས་བསྡུར་གང་ཡང་བྱུང་མེད་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད་པ་རེད།།

Share this:
༥༠ ཀློག་གྲངས།