མི་རིགས་སྲིད་ཇུས་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བ།

དེབ་དེའི་ནང་དོན། དང་པོ། གཅིག་གྱུར་ཡིན་པའི་མི་རིགས་མང་པོའི་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉེར་ལེན་གྱི་རྒྱུ་གཉིས་གཞི་གཅིག་ཏུ་གྲུབ་པ། གཉིས་པ།  མི་རིགས་ཡོངས་རྫོགས་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གསུམ་པ།   རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་གོང་དུ་སྤེལ་བ། བཞི་པ།   མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ལྔ་པ།   མི་རིགས་གྲངས་ཉུང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་ཇེ་མགྱོགས་སུ་གཏོང་བ། དྲུག་པ།  མི་རིགས་གྲངས་ཉུང་གི་རིག་གནས་སྲུང་སྐྱོབ་དང་གོང་དུ་སྤེལ་བ། བདུན།   མི་རིགས་གྲངས་ཉུང་གི་ལས་བྱེད་པ་དང་འཇོན་མིའི་རུ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་ཞེས་སོགས་དོན་ཚན་བདུན་གྱི་ནང་དུ་བཀོད་འདུག་པ་དང༌། དངོས་བདེན་མ་ཡིན་པའི་རྒྱབ་ཤ་དཀར་པོ་དང་ནང་དོན་ནག་པོ་ཡིན་པའི་སྐྱག་རྫུན་གྱི་དཔེ་དེབ་རྒྱབ་ཤ་དཀར་པོའི་མིང་བཏགས་པ་གང་མང་ཞིག་སྔ་ཕྱིར་རྒྱ་གཞུང་གིས་པར་འགྲེམས་བྱེད་བཞིན་ཡོད་པ་དང༌། དངོས་ཡོད་གནས་ཚུལ་མ་ཡིན་པའི་འཁྱོག་བཤད་འདི་རིགས་ལ་དུས་ཐོག་ལན་འདེབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།

Share this:
༦༦ ཀློག་གྲངས།