སི་ཁྲོན་ལིན་ཧྲུན་མི་མང་གི་འབོད་སྒྲ་དང་དྲག་གནོན།

སི་ཁྲོན་ཞིང་ཆེན་ཀང་ཨན་གྲོང་ཁྱེར་ལིན་ཧྲུན་རྫོང་གིི་མི་སེར་སྟོང་ཕྲག་མང་པོས་ལྕགས་ལམ་ལས་གཞི་འཛུགས་སྐྲུན་ཁ་སྒྱུར་ལ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། ཉེན་རྟོག་པས་དྲག་གནོན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༦ ཉིན་སི་ཁྲོན་ཞིང་ཆེན་ཀང་ཨན་གྲོང་ཁྱེར་ལིན་ཧྲུན་རྫོང་གི་མི་མང་སུམ་ཁྲི་བཞི་སྟོང་བརྒལ་བས། ས་གནས་སྲིད་གཞུང་གིས་སྔར་གྱི་མེ་འཁོར་ལྕགས་ལས་ལས་གཞི་འཛུགས་སྐྲུན་ཁ་བསྒྱུར་ལ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱིས། “ང་ཚོར་ལྕགས་ལམ་ཕྱིར་སྤྲོད་ཤོག” “ལིན་ཧྲིན་མི་མང་ལ་ལྕགས་ལམ་མཁོ་”ཞེས་སོགས་ཀྱི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཏེ། སྲིད་གཞུང་ལ་སྔར་གྱི་ཐོག་མའི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་བཅོས་སྒྱུར་མི་གཏོང་བའི་རེ་སྐུལ་བྱས་ཡོད་པ་དང་། ཐེངས་འདིའི་ཉིན་ཤས་རིང་གི་སི་ཁྲོན་ཀང་ཨན་ལིན་ཧྲུན་མི་མང་གི་ངོ་རྒོལ་དེ་ནི་ཉེ་བའི་ལོ་ཤས་ནང་དུ། རྒྱ་ནག་སྐམ་སར་བྱུང་བའི་ཆེས་གཞི་རྒྱ་ཆེ་ཤོས་ཀྱི་ངོ་རྒོལ་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཡོད་པ་རེད།

5558a48e9ea5cདེ་བཞིན་གནས་ཚུལ་ནང་ཐོན་པ་ལྟར་ན། ཐོག་མའི་ལྕགས་ལམ་འཛུགས་སྐྲུན་ལས་གཞིའི་ནང་དུ་ཤར་ལམ་དང་ནུབ་ལམ་གཉིས་ཡོད་པའི་ནང་། ནུབ་ལམ་ནི་ཏཱ་ཀྲུའུ་བརྒྱུད་ཀང་ཨན་ནས་ཁྲུང་ཆིན་དང་། ཤར་ལམ་ནི་ཏ་ཀྲུའུ་གྲོང་ཁྱེར་ནས་ཏཱ་ཀྲུ་བརྒྱུད། ལིན་ཧྲིན་ནས་ཁྲུང་ཆིན་དུ་བསྐྲུན་འཆར་ཡོད་ཀྱང་། ཉེ་བའི་ཆར་ཀང་ཨན་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་སྲིད་གཞུང་ཞིབ་འཇུག་ཁང་ནས་ནུབ་ལམ་གཅིག་པུ་མ་གཏོགས་ཁས་ལེན་མ་བྱས་པ་མ་ཟད། ཞིང་ཆེན་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་དངོས་སུ་བསམ་འཆར་ཡར་ཞུ་བྱས་པར་བརྟེན། ལིན་ཧྲུན་རྫོང་གི་མི་རྣམས་གཞུང་གི་ལྕགས་ལམ་ལས་གཞི་ཁ་བསྒྱུར་བྱེད་འཆར་ལ་འདོད་པ་མ་ཁེངས་པར་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་འདུག་པ་དང་། རྔམ་སྟོན་ཁྲོམ་སྐོར་བ་རྣམས་གཞུང་གི་ཉེན་རྟོག་པས་དྲག་གནོན་བྱས་ཡོད་འདུག་ལ། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འཐབ་འཁྲུག་ཀྱང་བྱུང་སྟེ། ཉིན་དང་པོར་མི་༨ རྐྱེན་ལམ་དུ་བཏང་ཡོད་པ་དང་། ཡང་བུད་མེད་༡ དང་སློབ་ཕྲུག་༢ ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བསད་པ། དེ་བཞིན་ཐེངས་འདིའི་ཁྲོམ་སྐོར་ནང་ཉུང་མཐར་མི་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་ལུགས་ཀྱི་གནས་ཚུལ་ཐོན་འདུག

ཕྱི་ཚེས་༡༧ ཉིན་ལིན་ཧྲུན་རྫོང་གི་མི་མང་ཆིག་ཁྲི་གཉིས་སྟོང་བརྒལ་བས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལམ་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ས་གནས་སྲིད་གཞུང་གིས་ཉེན་རྟོག་པ་ཉུང་མཐར་ཡང་སུམ་སྟོང་ནས་བཞི་སྟོང་བར་བཀྲམ་འཇོག་གིས། སྟངས་འཛིན་ནན་མོ་བྱས་ཡོད་པར་བརྟེན་སྔ་ཉིན་ལྟར་ཉེན་རྟོག་པ་དང་མི་ཚོགས་བར་ཟིང་འཁྲུག་བྱུང་མེད་ཀྱང་། ཉིན་དེའི་དགོང་མོའི་ས་གནས་ཀྱི་ཆུ་ཚོད་༥ པའི་རྗེས། ཉེན་རྟོག་པས་ཤུགས་ལྡན་ཆུ་མདའ་དང་མཆི་འབྱིན་དུག་རླངས་བེད་སྤྱོད་དེ། མི་མང་གི་འདུ་འཛོམས་ཁ་གཏོར་ཡོད་འདུག་ལ། ད་ལྟའི་ཆར་གཟའ་ཉི་མའི་ཉིན་གྱི་དགོང་མོར་མི་མང་གི་འདུ་འཛོམས་ཁ་གཏོར་བའི་བརྒྱུད་རིམ་ཁྲོད་ཤི་རྨས་ཀྱི་གནས་ཚུལ་དང་། རྔམ་སྟོན་ཁྲོམ་སྐོར་བའི་མི་མང་འཇུ་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

29508D30-7A9A-435A-B7A2-C97219C09970_cx0_cy20_cw0_w748_r1_sཀང་ཨན་གྲོང་ཁྱེར་སྲིད་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་ལིན་ཧྲུན་རྫོང་དུ་མི་འབོར་ཁྲི་༡༠༠ ལྷག་ཡོད་ཅིང་། སི་ཁྲིན་གྱི་ཤར་ཕྱོགས་སུ་ཆགས་པའི་ཆེས་ལུང་ཁུག་གི་ས་ཆའི་ནང་གི་གཅིག་ཡིན་ནའང་། ལིན་ཧྲུན་རྫོང་ནི་ཁྲུང་ཆིན་གྲོང་ཁྱེར་ནས་སྤྱི་ལེ་ ༦༠ ཙམ་ལས་མེད་པ་དང་། གལ་ཏེ་ལྕགས་ལམ་གྱི་ལས་གཞི་དེ་ཏུན་ཞོ་ཕིང་གི་ཕ་ཡུལ་ཀང་ཨན་གྲོང་ཁྱེར་དུ་ཁ་བསྒྱུར་བ་ཡིན་ན། སྤྱི་ལེ་ ༡༠༠ ཙམ་གྱིས་ལམ་ཐག་རིང་དུ་འགྲོ་རྒྱུ་ཡིན་པ་དང་། ཀང་ཨན་གྲོང་ཁྱེར་དུ་ཕྱི་ལོ་ ༢༠༡༤ ལོར་གསར་དུ་བཟོས་པའི་ཁྲིན་ཏུའུ་ལྕགས་ལམ་ཡང་ཡོད་སྟབས། སྲིད་གཞུང་གི་བྱ་སྤྱོད་དེར་ས་གནས་ཀྱི་མི་མང་རྣམས་འདོད་པ་མ་ཁེངས་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད་པ་རེད།

ཕྱི་ཚེས་༡༧ ཉིན་སི་ཁྲོན་ལྕགས་ལམ་འཛུགས་ལས་ཁུངས་ཀྱིས་ཡོངས་ཁྱབ་བརྡ་ཐོ་ཞིག་སྤེལ་ཡོད་པའི་ནང་། ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་ད་ལྟ་སྔོན་འགྲོའི་ཞིབ་འཇུག་གི་དུས་སྐབས་ཡིན་ཞིང་། ལས་འཆར་དེར་དུས་ཡུན་གང་འཚམས་འགོར་རྒྱུ་ཡིན་པ་མ་ཟད། ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་ལས་འཆཪ་གཏན་འབེབས་ནང་ཚུད་མེད་པ་དང་། མི་མང་ལ་བསམ་ཚུལ་ཅི་ཡོད་ཞིབ་འཇུག་བྱ་ངེས་ཡིན་པས། ས་གནས་མང་ཚོགས་ཀྱིས་ཁྲིམས་ལུགས་ལ་བརྩི་སྲུང་གིས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་བྱས་ན། གཞི་ནས་ལས་འཆར་གང་མགྱོགས་ལག་བསྟར་བྱེད་ཐུབ་པ་ཞིག་ཆགས་ཀྱི་ཡོད་སྟབས། ལྕགས་ལམ་འཛུགས་སྐྲུན་ལས་གཞི་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་གང་ལེགས་སྐྲུན་དགོས་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༣༨ ཀློག་གྲངས།