ཆིན་ཏའོ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་སོལ་རླངས་འབར་འགད་ཀྱི་དོན་རྐྱེན་བྱུང་།

རྒྱ་ནག་ཧྲན་ཏོང་ཆིན་ཏའོ་གྲོང་ཁྱེར་དུ་ཡོད་པའི་མགྲོན་ཁང་ཞིག་གི་ནང་འབར་འགད་ཀྱི་དོན་རྐྱེན་བྱུང་སྟེ། མི་གཉིས་འདས་གྲོངས་དང་མི་༡༦ ལ་རྨས་སྐྱོན་བཟོས་ཡོད་འདུག

150519031054_china_shandong_map624ཆིན་ཏའོ་གཞུང་ཕྱོགས་ནས་པོད་ཕྲན་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་༥ དང་སྐར་མ་༡༠ ཡས་མས་ཙམ་ལ། གྲོང་ཁྱེར་དེའི་ནང་ཡོད་པའི་ཚོང་ལས་མགྲོན་ཁང་ཞིག་གི་ནང་དུ་འབར་འགད་ཀྱི་དོན་རྐྱེན་དེ་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་དེ་ནི་སོལ་རླངས་འབར་འགད་ཀྱི་དོན་ཞིག་ཡིན་པ་དང་། ཡུལ་དངོས་ནས་བླངས་པའི་བརྙན་དང་པར་རིས་ལས་མངོན་པ་ལྟར་ན། འབར་འགད་ཀྱི་ཤུགས་ཚད་ཧ་ཅང་ཆེ་བ་དང་། ཐོག་བརྩེགས་གཉིས་ཀྱི་མགྲོན་ཁང་གི་ཁང་མིག་བརྡིབས་ཏེ། མགྲོན་ཁང་གཡས་གཡོན་གྱི་རླངས་འཁོར་སོགས་ལ་གནོད་སྐྱོན་བཟོས་ཡོད་པ་རེད།།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Share this:
༤༡ ཀློག་གྲངས།