གྷན་དྷིའི་འཁྲུངས་སྐར་སྲུང་བརྩི་དང་སློབ་མའི་བགྲོ་གླེང།

ཐོག་མར་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་འཇིག་རྟེན་ཁམས་ལ་ཕེབས་ནས་མི་ལོ་༡༤༠ འཁོར་བའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ངོ་སྤྲོད་གནང་བ་དང། ས་འཐུས་ཚོགས་གཙོ་རྒན་གུ་རུ་ལགས་ཀྱིས་གྷན་དྷི་མཆོག་གི་མཛད་རྣམ་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་དཔོན་རིགས་ཚོ་ལ་བཀའ་དྲིན་རྗེས་དྲན་གྱི་འཚམས་འདྲི་དང་སྦྲགས་ལེགས་་སྐྱེས་མཇལ་དར་རེ་དགའ་བྱང་མཁན་རིན་པོ་ཆེས་གནང་ཡོད་པ་རེད།
དེ་བཞིན་ཉིན་དེའི་ཕྱི་དྲོ་མོན་གྷོ་འདོད་རྒུ་གླིང་གི་ཤེས་ཡོན་དང་སློབ་གསོའི་ཚོགས་ཆུང་གི་གོ་སྒྲིག་འོག་ཐ་སྙད་བསྲེ་ལྷད་དང་ཞེ་ས་ཞེས་པའི་བརྗོད་གཞིའི་ཐོག་དྲི་རྩལ་འགྲན་སྡུར་གྱི་བགྲོ་གླེང་ཞིག་མོན་གྷོ་གཞིས་སྦྱིའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད། དྲི་རྩལ་འགྲན་སྡུར་བྱེད་མཁན་མོན་གྷོ་ས་གནས་ཀྱི་གདན་ས་དང་གཞིས་གྲོང་ཁག་གིས་སློབ་གྲྭའི་སློབ་ཕྲུག་ཚོ་ཡིན་པ་དང། ཐོག་མར་ཤེས་ཡོན་སློབ་གསོའི་ཚོགས་གཙོ་དང་ས་གནས་འགོ་འཛིན་གཅིག་ལྕོགས་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཤེས་ཡོན་ཚོགས་ཆུང་གི་བྱུང་རིམ་དང་དྲི་རྩལ་འགྲན་སྡུར་བྱེད་ཕྱོགས་ངོ་སྤྲོད་གནང་བ་དང། དེ་རྗེས་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་གུ་རུ་ལགས་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་མཛད་རྣམ་དང་སྦྲགས་ལུགས་གཉིས་བླང་དོར་གྱི་ལམ་སྟོན་གྲུབ་རྗེས། དབུས་གཏན་ཉིན་སློབ་གྲྭའི་སློབ་སྤྱི་ཕུན་རབ་ཆོས་བཟང་ལགས་ཀྱི་གཙོ་སྐྱོང་འོག་དྲི་རྩལ་འགྲན་སྡུར་དབུ་འཛུགས་བྱས་ཏེ། མཐའ་མའི་རྒྱལ་ཁ་དགའ་བྱང་དང། དགའ་ཤར་སློབ་གྲྭ་དབུ་མ་བཅས་ལ་ཐོབ་ཡོད་པ་རེད། དེ་བཞིན་ཤེས་ཡོན་ཚོགས་ཆུང་གིས་གདན་ས་ཆེ་བཞི་ལ་འབོད་སྐུལ་ཞུས་པ་བཞིན་ས་གནས་སློབ་གྲྭ་ཁག་ལ་ཆེད་གཏོང་གནང་བའི་དགེ་རྒན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མཇལ་དར་ཡང་ཕུལ་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།

Share this:
༢༧ ཀློག་གྲངས།