མཛོ་དགེ་རྫོང་དུ་བོད་དོན་ལས་འགུལ་སྤེལ་བ།

ཟླ་འདིའི་ཚེས་༣ ཉིན་ཨ་མདོ་མཛོ་དགེ་རྫོང་རྐྱང་ཚ་ཤང་དུ་ཆུ་ཚན་ཡོད་པའི་ས་ཆ་ཞིག་ཏུ་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་བའི་སར། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་བྱེད་ཀྱི་ཡིག་ཆ་སྦྱར་འགྲེམས་བྱས་ཡོད་པ་དང། ཡིག་ཆ་དག་ནི་༸གོང་ས་མཆོག་གི་ད་ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགུང་ལོ་ལྔ་ནས་བཙོན་དུ་བཅུག་པ་ཁྲིམས་ལུགས་དང་མཐུན་གྱི་མེད་པས་མྱུར་དུ་གློད་གྲོལ་དགོས་པ། ལོ་སྔོན་མར་བོད་ཆོལ་ཁ་གསུམ་ནས་བོད་མི་མང་པོ་བཙོན་དུ་བཅུག་པ་རྣམས་གློད་གཏོང་དགོས་སྐོར་སོགས་དང། གཞན་ཡང་བོད་ཀྱི་རྒྱལ་དར་ཚོན་ཁྲ་ཅན་དང། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུ་པར་ཚོན་ཁྲ་ཅན་བཅས་སྟོང་ཕྲག་མང་པོ་དཔར་ནས། གྱང་ངོས་དང་། བྲག་རིའི་ངོས་བཅས་སུ་སྦྱར་ཡོད་འདུག  དེར་རྒྱ་གཞུང་གི་ཉེན་རྟོག་པས་ས་གནས་མི་མང་ལ་འདྲི་བརྩད་ཀྱིས་ཡིག་ཆ་སྦྱར་འགྲེམས་བྱེད་མཁན་དེ་དག་རྩིས་སྤྲོད་མཁན་བྱུང་ན་རྒྱ་སྒོར་སྟོང་ཚོ་མང་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་ཡང་བརྗོད་ཀྱི་ཡོད་འདུག་ཀྱང། ད་བར་མི་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་མེད་པ་རེད་འདུག །

Share this:
༡༠༢ ཀློག་གྲངས།