༧གོང་མཆོག་ཨོ་གླིང་དུ་ཆིམས་བསྒྱུར་གནང་སོང་།

འདི་ཟླའི་ཚེས་༤ ཞོགས་པའི་ཨོ་གླིང་ཆུ་ཚོད་ཆུ་ཚོད་༦༌༤༠ ཙམ་གྱི་ཐོག་༧གོང་ས་མཆོག་ཨོ་གླིང་སིད་ཌི་ནེས་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་རེད།

སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་དང་བོད་དོན་རྒྱབ་སྐྱོར་བ་ཨ་རིས་གློག་བརྙན་འཁྲབ་མཁན་གྲགས་ཅན་རེ་ཆལ་རྒན་སོགས་སྐུ་འཁོར་ལྷན་རྒྱས་ལ་ཨོ་གླིང་དོན་གཅོད་ལྷག་པ་མཚོ་སྒོ་དང་། དད་ལྡན་མང་ཚོགས་བརྒྱ་ཕྲག་འགའ་ཤེས་ཀྱིས་མཇལ་ཕུལ་ཏེ་ཕེབས་བསུ་ཞུས་དང་། ཨོ་གླིང་གསར་འགོད་པས་དམིགས་བསལ་བཅར་འདྲི་བྱས་ཡོད་པ་རེད།

ད་རེས་༧གོང་མཆོག་ཨོ་སུ་ཁྲི་ལི་ཡའི་ནང་ཆེད་ཕེབས་གནང་དོན་གཙོ་བོ་ནི་ཨོ་གླིང་རི་བོ་སྔོན་པོ་དང་ཨུ་ལུ་རུ་སོགས་ས་གནས་གལ་ཆེན་ཁག་ཅིག་དང་གྲོང་ཁྱེར་ཆེ་ཁག་འགའ་ཤེས་ནང་ལ་མཛད་འཕྲིན་སྐྱོང་གི་ཡོད་པ་རེད།

ཨོ་གླིང་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག

Share this:
༧༠ ཀློག་གྲངས།