ཁམས་ཡུལ་ཤུལ་ཁུལ་དུ་གསེར་གྱི་གཏེར་ཁ་རྙེད་པ།

ས་ཁུལ་ཡོངས་ཀྱི་གསེར་གྱི་ཐོན་འབོར་རྒྱ་ཁྱོན་ཚོད་འཛིན་བྱས་ཚད་ཚད་ལས་བརྒལ་ཡོད་པ་རེད། ཤེས་གསལ་ལྟར་ན། གསེར་གཏེར་ཡོད་སའི་ཁོངས་དེའི་གསེར་ཁག་ཅིག་རྒྱུན་ལྡན་གྱི་གསེར་དང་མི་འདྲ་ཕྱིར་དཔྱད་བསྡུར་བྱས་མེད་པ་མ་ཟད། གཏེར་སའི་གཏིང་ཕུ་ད་དུང་ཡང་དེད་ཆོག་ཅིང་། སྔོན་དཔག་བྱས་ན་གསེར་གྱི་ཐོན་འབོར་ཀེ་ལོ་འབུམ་གསུམ་(༣༠༠༠༠༠)ལས་བརྒལ་བའི་རེ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་གསེར་གྱི་གཏེར་ཁོངས་སྔོག་འདོན་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བའི་རེ་བའང་ཡོད་པ་རེད།

ཉེ་བའི་ལོ་ངོ་༩ ཡི་རིང་ལ། མཚོ་སྔོན་ཞིང་ཆེན་ས་འོག་གཏེར་ཁོངས་ཅུས་ཀྱིས་བྱེད་ཐབས་དུ་མ་སྤྱད་དེ་ཏཱ་ཁྲེང་ས་ཁུལ་གྱི་གསེར་གྱི་གཏེར་ཁོངས་ལ་རྩད་ཞིབ་བྱས་ཤིང་། ༡༩༩༦ ལོར་གསེར་གྱི་གཏེར་ཁོངས་རྙེད་པ་དང་། ཕྱིས་ཀྱི་ལོ་གཉིས་ཀྱི་ནང་དུ་ཐོག་མར་དཔྱད་བསྡུར་བྱས། ཞིང་ཆེན་ས་འོག་གཏེར་ཁོངས་ཅུས་ཀྱིས་ད་ལོར་གཏེར་ཁོངས་མང་སའི་ཁུལ་དུ་རྩད་གཅོད་ལས་ཀ་བསྒྲུབས་ཏེ། སང་ལོར་སྔོག་འདོན་བྱེད་པའི་ལས་སུ་ཞུགས་རྒྱུའི་འཆར་གཞི་ཡོད་ཅེས་ཕྱིར་བསྒྲགས་བྱས་ཡོད་པ་རེད༎

 

 

Share this:
༡༣༢ ཀློག་གྲངས།