བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན།

ཟླ་འདིའི་༡༦ ཉིན་ཁམས་རིགས་མི་མང་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༧ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འཚོགས་ཀྱི་ཡོད་པ་བཞིན་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་གོ་སྒྲིག་འོག་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་མོན་གྷོ་ས་གནས་ནོར་བུ་རི་རྩེར་འཚོགས་ཡོད་པ་དང་།

དེ་ཡང་ཐོག་མར་མོན་གྷོ་ས་གནས་མདོ་ཁམས་སེར་སྐྱ་མི་མང་ཡོངས་ནོར་བུ་རི་རྩེར་མཉམ་འཛོམས་ཐོག་བསངས་གསོལ་དང་རླུང་རྟ་བསྒྲེང་འཛུགས་སོགས་ཀྱི་ལས་རིམ་གྲུབ་པ་དང་།

མོན་གྷོ་ས་གནསunnamed1་ཆུ་སྒང་ཚོགས་གཙོ་བློ་བཟང་སྙན་གྲགས་གིས་ཆུ་སྒང་དུས་དྲན་སྲུང་བརྩིའི་མཛད་སྒོ་ངོ་སྤྲོད་དང་འབྲེལ་༧ གོང་ས་མཆོག་དགུང་གྲངས་༨༠ ལ་ཕེབས་ཀྱི་ཡོད་པར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་བའི་ཞབས་རིམ་སྒྲུབ་ཕྱོགས་སྐོར་སོགས་ཀྱི་གཏམ་བཤད་གནང་གྲུབ་པ་དང་།

ཆུ་སྒང་དབུས་རྒྱུན་ཐུབ་བསྟན་བཀྲ་ཤིས་མཆོག་གིས་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་གནང་གྲུབ་རྗེས།
མོན་གྷོ་ས་གནས་ཆུ་སྒང་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ནས་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེ་འགྲན་མོན་གྷོ་རུ་ཁག་ལ་ཐོབ་ཡོད་པར་བརྟེན་འཚམས་འདྲིའི་སྣེ་ལེན་དང་འབྲེལ་མཇལ་དར་བསྒྲོན་འབུལ་དང་གསོལ་ཚིགས་གོ་སྒྲིག་སོགས་ཟབ་རྒྱས་གནང་ཡོད་པ་དང་།

མཛད་སྒོའི་ཐོག་སྐུ་མགྲོན་ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་དང་རང་བདེན་ཚོགས་གཙོ།  མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་ལས་ཀྱི་སྣེ་མོ་བ་དང་།  རྐང་སྤོལ་རྩེད་འགྲན་པ་བཅས་སྐུ་མགྲོན་༢༠༠ མ་ཟིན་ཙམ་ཆེད་ཕེབས་གནང་ཡོད་པ་རེད།

དེ་བཞིན་སྦེལ་ཀོབ་ས་གནས་སུ་ཡང་ཆུ་སྒང་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག   ལུགས་བདེ་གཞིས་ཆགས་ནང་མདོ་ཁམས་ཆུ་སྒང་དུས་དྲན་ཐེངས་ ༥༧ པ་སྲུང་བརྩི་ཞུས་གནང་ཡོད་པ་དང་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་ཟུར་སྐུ་ངོ་ཚེ་རིང་ཕུན་ཚོགས་མཆོག་དབུས་ལུགས་བསམ་དང་བདེ་སླར་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་གཉིས་དང་། རང་བདེན་ཚོགས་ཆུང་གཉིས་ཀྱི་ཚོགས་གཙོ་གཉིས། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་གཙོ། ས་གནས་དབུ་གཙང་དང་མདོ་སྨད་ཁོལ་ཁའི་ཚོགས་གཙོ།  ས་གནས་མཉམ་འབྲེལ་ཁག་གཉིས་ཀྱི་ཚོགས་གཙོ་དང་དྲུང་ཆེ། སེར་ར་བྱེས་སྨད་གཉིས། རྣམ་གླིང་དགོན། བཀའ་བརྒྱུད་དང་ས་སྐྱ་དགོན་བཅས་ཀྱི་སྐུ་ཚབ་མཁན་ལས་བྱེད། ས་གནས་སྨན་རྩིས་དང་། གཞིས་གྲོང་ཁག་གི་སྤྱི་མི་བརྒྱ་དཔོན། གཞན་ཡང་མདོ་སྟོད་སེར་སྐྱ་མི་མང་བཅས་བདེ་སླར་མི་མང་ཚོགས་ཁང་དུ་འདུས་འཛམས་ཀྱི་དུས་དྲན་ཟབ་རྒྱས་སྲུང་བརྩི་གནང་ཡོད་པ་དང་།

ཉིན་འདིར་ཨ་རི C I A ནང་ཕེབས་མཁན་དཀར་མཛེས་བློ་གྲགས་པ་ལགunnamedས། ཆུ་སྒང་ལྕགས་ཚ་གྲི་གུ་ཐང་དམག་ནང་དངོས་སུ་ཕེབས་ཏེ་དགྲ་འཐབ་རིམ་པ་གནང་མཁན་དཀར་མཛེས་བློ་དགའ་ལགས། དཀར་མཛེས་བསོད་དགའ་ལགས། འབའ་པ་ཨ་ཕོ་ཟླ་བ་ལགས་བཅས་བོད་བསྟན་སྲིད་ཆེད་དཀའ་ལས་རྒྱབ་མཁན་མི་བཞི་ལ་ཆུ་སྒང་ལོ་རྒྱུས་དེབ་དང་མཇལ་དར་དངུལ་བཅས་དཀའ་དྲིན་རྗེས་དྲན་གྱི་བསྟོད་བསྔགས་གནང་ཡོད་པ་རེད།

མདོ་ཁམས་ཆུ་སྒང་དབུས་རྒྱུན་ཚོགས་གཙོ་པདྨ་བདེ་ལེགས་མཆོག་གིས་མང་ཚོགས་ལ་གཏམ་བཤད་དང་གསུང་འཕྲིན་སྙན་སྒྲོན་གྲུབ་པ་དང་།

ས་གནས་ཆུ་སྒང་ཚོགས་གཙོ་ནང་ཆེན་ཨ་རྡོ་ནས་དུས་དྲན་ངོ་སྤྲོད་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་གིས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་གྲུབ་རྗེས། རྣམ་གླིང་མཁན་པོ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གྲུབ་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།། ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

Share this:
༤༡༠ ཀློག་གྲངས།