རེ་སྒུག


དུས་ཚིགས་འགྱུར་འགྲོས་ཀྱི་གོམས་སྟབས་དང་བསྡེབ་ཅིང༌། བྲེལ་འཚུབ་ཀྱི་རྒྱུ་བཞིན་པའི་མཚམས་འདིར། སྙིང་སྟོབས་ཞུམ་མེད་ཀྱི་ཡུལ་གྱར་བ་ཁྱུ་ཚོགས། སྔར་ནས་ཕུག་འདུན་དཀར་པོའི་འོད་དུ་ཐིམས་ཟིན།

 


ཡུལ་གྱར་བའི་སེམས་སུ། བཅས་ཟིན་པའི་སྲོལ་རྒྱུན་བཞིན་མི་ཡུལ་ནས་སེམས་ཀྱི་སྡུག་ཡུས་དང༌། ཕྱི་དྲན་གྲང་ངར་གྱི་ཀློང་དུ་འཛུད་བཞིན་། དུས་ཚིགས་ལྟར་སྐྱོ་ངལ་དེའི་གླེང་བསླང་བྱུང༌།

 


ཚ་གདུང་ལ་གོམས་ཚར་བའི་མི་ཡུལ་གྱི་འདབ་ཆགས་ཚོ། རང་གི་དྲོ་སྐྱིད་ལྡན་པའི་ཚང་མལ་དུ་འདུ་འཛོམས་ལ་བྲེལ་དུས། ངའི་སྐྱོ་སྣང་གི་མིག་ཀོང་གཉིས་ལ་དྲན་གདུང་གི་མཆི་མས་བརླན་གིན། འདབ་ཆགས་དེ་ཚོའི་ཕྱོགས་སུ་ཅེར་བར་མཐོང་དུས།

 


ཁང་བྱིའུ་ཨ་མས་ཡ་ང་བའི་ཁེར་རྐྱང་གི་འཁྱམ་མོ་ང་ལ་མིག་ལོག་གཅིག་དང་སྦྲགས། སླར་ཡང་སྐད་གསང་མཐོན་པོས། སྒུག་ཅིག སྒུག་ཅིག སྒུག་ཅིག་ཟེར་བྱུང༌།

Share this:
༡༦༥ ཀློག་གྲངས།