མོན་གྷོ་རུ་བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་གནང་བ།

ཟླ་འདིའི་ཚེས་༡༥་ནས་༡༨ བར་ཉིན་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་་བུད་མེད་ལྷན་ཚོགས་ཀྱིས་ཚོགས་ཁང་རང་གཞུང་ཤེས་རིག་ལྷན་ཁང་གི་དམ་འཛིན་གོ་སྒྲིག་འོག ཤེས་རིག་ལས་བྱེད་དབྱངས་སྐྱིད་དང་བདེ་སྐྱིད་གཉིས་ཆེད་དུ་ཕེབས་ནས།  ཕ་མར་བྱིས་པའི་ཀློག་རྩལ་གྱི་ཟབ་སྦྱོང་ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཉིན་བཞིའི་རིང་སྤྲོད་གནང་ཡོད་པ་རེད།

tibwomenདེ་ཡང་ཟབ་སྤྱོང་གི་མཛད་སྒོའི་ཐོག་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་མཆོག་དང་སློབ་གྲྭ་དབུ་མའི་སློབ་སྤྱི་གཉིས་ཀྱི་གཙོས་མོན་གྷོ་སློབ་གྲྭ་དབུ་མའི་ཕ་མའི་འཐུས་མིའི་རྣམས་པ་དང་།   མོན་གྷོ་ས་གནས་གཞིས་གྲོང་ཁག་བཅུའི་ནང་ནས་ཕ་མ་རྣམས་ཕེབས་ཡོད་པ་དང་།  གཞིས་གྲོང་ཕྱེད་བགོས་བྱས་ནས་ཉིན་གྲངས་གཉིས་གཉིས་བྱས་ནས་ཟབ་ཁྲིད་གནང་ཡོད་པ་རེད།

ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་དེ་བུ་ཕྲུག་ཚོ་ཆུང་ངུའི་སྐབས་ཕ་མའི་བྱམས་སྐྱོང་དང་ཁ་མ་བྲལ་བའི་ཐོག་ནས་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་སྲོལ་རྒྱུན་གོམས་གཤིས་སོགས་མདོར་ན་རང་ཉིད་ཀྱི་བུ་ཕྲུག་དེའི་མི་ཚེ་ཕན་བདེའི་ལམ་ཁ་ཞིག་ལ་འགྲོ་ཐུབ་ཐབས་འབད་བརྩོན་གནང་དགོས་པ་གལ་གནད་ཡིན་སྐོར་དང་།

ལྷག་པར་དུ་བུ་ཕྲུག་ཆུང་ངུའི་སྐབས་ནས་ཕ་མའི་སློབ་གསོ་སྤྲོད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་བུ་ཕྲུག་ཚོའི་ཡིན་ན་ཡང་བར་སྐབས་ཤིག་ནས་ཕ་མ་རྒན་རབ་ལ་ཆེ་མཐོང་དང་གུས་རྩི་མེད་པ་ཛམ་དུ་མ་ཟད།   བོད་མིའི་ལ་རྒྱ་ཙམ་ཡང་མེད་མཁན་ཆགས་འགྲོ་ཡི་ཡོད་པའི་ཉེན་ཁ་དེ་ནི་ཕ་མ་ཚོའི་སློབ་གསོའི་མ་འདངས་བའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་གི་ཡོད་པ་སོང་ཙང་།   ཕ་མ་ཚོའི་ངོས་ནས་བུ་ཕྲུག་ཚོ་ཆུང་དུས་ནས་ངེས་པར་དུ་སློབ་གསོ་བསྐྱོན་གནང་དགོས་པ་གལ་ཆེ་ཡིན་ཚུལ་སོགས་ཀྱི་ཟབ་འཁྲིད་གནང་ཡོད་པ་རེད།

གཞན་ཡང་བུ་ཕྲུག་སྐྱེ་སྟངས་དང་བདག་ཉར་ངམ་གཅེས་སྐྱོང་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ཡང་ཟབ་འཁྲིད་གནང་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༣༥ ཀློག་གྲངས།