ཆོས་བརྡ་གསལ་བསྒྲགས།

༄༅། ། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ། དེ་ཡང་འདི་ག་གྲྭ་ཚང་ནས་ལོ་ལྟར་གལ་ཆེའི་དབང་ལུང་མན་ངག་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོའི་ཆེད་དུ་དམིགས་ནས་གསུང་ཆོས་གོ་སྒྲིག་ཞུ་མུས་ལྟར། འདས་པའི་ལོ་ཤས་སྔོན་ནས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། དཔལ་ལྡན་འབྲས་སྒོ་མང་གྲྭ་ཚང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་བཤེས་ཡོན་ཏན་རྒྱ་མཚོ་མཆོག་ནས་སྙན་བརྒྱུད་མན་ངག་གི་གཏེར་མཛོད་ཨ་མཆོག་དཀོན་མཆོག་བསྟན་པའི་རྒྱལ་མཚན་འཇམ་དཔལ་སྤྲིན་རྒྱ་མཚོའི་བཀའ་འབུམ་ལས། བདེ་མཆོག་རབ་འབྱམས་ཀྱི་དབང་ལུང་གི་རྒྱུན་གནང་རྒྱུའི་ཞལ་བཞེས་སྤྱི་བོའི་གསོས་སུ་སྨིན་སྩོལ་བྱུང་བ་བཞིན། བོད་རྒྱལ་ལོ་༢༡༤༢ ཟླ་༨ ཚེས་༥ ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༨ ནས་ཉུང་མཐར་བདུན་གསུམ་རིང་གནང་གཏན་འཁེལ་ཞིང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་བཞུགས་གནས་དང་བཞེས་ལག་བཅས་གྲ་སྒྲིག་གང་ཐུབ་ཞུ་རྒྱུ་ཡིན་པས། འདི་གར་འབྲེལ་བ་ཞུ་དགོས་རིགས་གཤམ་གསལ་ཞལ་པར་དང་མྱུར་འཕྲིན་གང་རུང་ཐོག་གནང་སྐྱོང་ཡོང་བ་དང་། ཆོས་ཞུ་བའི་ཐུགས་སྣང་དགོས་རྒྱུ་ཞིག་ལ་ཆོས་སྐོར་འདི་བྱིན་རླབས་ཀྱི་ཚུལ་དུ་ཞུས་པ་སོགས་ཕུད། དེ་མིན་བདེ་གསང་འཇིགས་གསུམ་གང་རུང་ཞིག་གི་དབང་ཆེན་ངེས་པར་ཐོབ་པའི་ཐོག ཉིན་རེར་ཐུན་དྲུག་བླ་མའི་རྣལ་འབྱོར་ཞལ་འདོན་ངེས་པར་དུ་གནང་དགོས་པའི་ཁས་ལེན་ཡོད་འདུག་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།

ཞལ་པར་ཨང་།  ༩༨༥༧༢༤༤༦༦༨
༩༢༡༨༤༣༠༥༧༣
དག་པོ་བཤད་སྒྲུབ་གླིང་གྲྭ་ཚང་ནས།
ཕྱི་ལོ་༢༠༡༥ ཟླ་༦ཚེས་༡༣ ཉིན།
V.P.O KAIS. Distt. Kullu H.P 175101
Ph: 01902-230573. Mob: 9816040638.
Telefax: 01902-230740,
Email: dhakposociety@yahoo.com

Share this:
༨༡ ཀློག་གྲངས།