སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས།

སྐབས་འདིར་ཕྱི་ལོགས་ནས་གསུང་བཤད་གནང་མཁན་རྒྱ་གར་གྱི་མཁས་དབང་ Dr. Swaran Singh དང༌། གཞུང་ཚབ་པ་ཟུར་པ་མཁས་དབང་ Ranjit Gupta གཉིས་དང༌། ཧོང་ཀོང་ནས་ཕེབས་པའི་སློབ་དཔོན་ཆེན་མོ་ Michael C. Davis དང༌། ཨ་རི་ནས་ཕེབས་པའི་མཁས་དབང་བློ་བཟང་སེང་གེ་བཅས་ཆེད་དུ་གདན་འདྲེན་ཞུས་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ནང་ཁུལ་ནས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང༌། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་བཅས་ཀྱིས་ཀྱང་གསུང་བཤད་གནང་དང་གནང་རྒྱུ་ཡིན་པ་མ་ཟད། གཞན་ཡང་གསུང་བཤད་གནང་མཁན་ཁག་ཅིག་ཆེད་དུ་གདན་འདྲེན་ཞུས་ཡོད་པ་རེད། གསུང་བཤད་རེ་རེ་གནང་གྲུབ་པའི་རྗེས་སུ་སྤྱི་འཐུས་རྣམས་ཀྱིས་དྲི་བ་དྲིས་ལན་དང༌། ཚོགས་ཆུང་ཁག་གཉིས་སུ་བགོས་ནས་གནད་དོན་སོ་སོའི་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག།།

Share this:
༤༣ ཀློག་གྲངས།