རིན་མེད་སྨན་སྦྱིན་གྱི་སྤྱི་ཚོགས་ཞབས་ཞུ།

ཟླ་འདིའི་ཚེས་༦ ནས་༡༠ བར་གདན་ས་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་ཀུན་ཕན་སྨན་བཅོས་ལྷན་ཚོགས་ཀྱིས་མོན་གྷོ་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ལ་རིན་མེད་སྨན་སྦྱིན་གནང་ཡོད་པ་དང། བློ་གླིང་སྨན་ཞབས་ཟླ་བ་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ཨ་རིའི་MedicalCare Internationalཞེས་སྨན་པའི་རོགས་ཚོགས་ནས་ལོ་རྟག་པར་བློ་གླིང་སྨན་ཁང་གི་གོ་སྒྲིག་འོག་ས་གནས་འདིར་ཕེབས་ཀྱི་ཡོད་པ་དང། ཁོང་ཚོའི་ནང་སྨན་པ་བཞི་དང་སྨན་ཞབས་གཉིས། དང་བླངས་པ་གཉིས་བཅས་ཁྱོན་མི་བརྒྱད་ཕེབས་ཀྱི་ཡོད་པ་རེད། ཁོང་རྣམས་ནས་ས་གནས་རྒྱ་གར་ཡུལ་མི་དང་བོད་མི་ཡོངས་ཀྱི་ནད་བརྟག་དཔྱད་བྱས་པ་གཞིར་བཟུང་གིས་སྨན་དང་མིག་ཤེལ་སོགས་རིན་མེད་ཐོག་ཉིན་རེར་མི་གྲངས་༡༥༠ ཡས་མས་ལ་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་སོང༌།།
མོན་གྷོ་གསར་འགོད་པས།

Share this:
༤༩ ཀློག་གྲངས།