གཞིས་བྱེས་གཉིས་ནང་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༢༡ ཉིན་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་༧གོང་ས་མཆོག་དགུང་གྲངས་༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱིན་ཡོད་པ་བཞིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གདན་ས་གྲྭ་ཚང་ཁག་སོགས་ཀྱིས་སྐུའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།

Dalia lama  2015   06  21)
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས།

དེ་ཡང་ཉིན་འདིའི་ཞོགས་པ་འབྲས་སྤུངས་བླ་སྤྱིའི་གོ་སྒྲིག་འོག དགེ་འདུན་པ་ཡོངས་བླ་སྤྱིའི་འདུ་ཁང་ནང་མཉམ་འཛོམས་ཐོག་༧གོང་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་༧གོང་ས་མཆོག་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་པའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བ་རྒྱ་མཚོར་བརྟན་པའི་ཆེད་དུ་སྐུའི་ཞབས་རིམ་རྒྱ་གང་ཆེ་གསོག་སྒྲུབ་གནང་ཡོད་པ་རེད།

དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱིའི་གོ་སྒྲིག་འོག་དགའ་ལྡན་ཤར་བྱང་གཉིས་ཀྱི་གྲྭ་མང་ཡོངས་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་འཛོམས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་ཞབས་རིམ་གསོག་སྒྲུབ་སོགས་གནང་ཡོད་པ་རེད

དེ་བཞིན་ཉིན་འདིའི་ཞོགས་པ་ཆུ་ཚོད་བདུན་ཙམ་གྱི་ཐོག་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག མོན་གྷོ་ས་གནས་ནོར་བུ་རི་མགོར་གཞིས་གྲོང་ཁག་དགུའི་མི་མང་མཉམ་འཛོམས་ཐོག་བསངས་གསོལ་དང་སྐུ་རླུང་དར་འཛུགས་སོགས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུུང་བརྩི་བྱས་ཡོད་པ་རེད།

གཞན་ཡང་༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་༨༠ ལ་ཕེབས་ཀྱི་ཡོད་པས་མོན་གྷོ་ས་གནས་ཀྱི་གཞུང་འབྲེལ་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་དམ་དྲག་བྱས་མིན་ལ་མ་ལྟོས་པར་བོད་ནང་གི་ས་ཁུལ་མང་པོ་ཞིག་ཏུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་རི་སྒང་སོགས་སུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་འབྲེལ། མཇལ་དར་བསྒྲོན་བསྒྲོན་པ་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩི་བྱས་འདུག དེ་བཞིན་བོད་ནང་གི་གཞས་པ་གཞས་མ་མང་པོ་ཞིག་གིས་ཉིན་འདིར་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་ནས་༧གོང་ས་མཆོག་ལ་བསྟོད་གཞས་འདྲ་མིན་ཡང་ཆེད་སྒྲིག་བྱས་ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༡༧༢ ཀློག་གྲངས།