དགའ་ལྡན་ཤར་རྩེ་རུ་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་སློབ་གྲྭའི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲང་༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་དགའ་ཤར་སློབ་གྲྭའི་ནང་འཚོགས་ཡོད་པ་རེད།

gasharམཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ས་འཐུ་ཚོགས་གཙོ་དགེ་ཤེས་རྣམ་རྒྱལ་རྒྱལ་མཚན་གཉིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྲི་ཞུའི་ལས་སྣེ་བ་ཁག་ཅིག་དང་། དགའ་ཤར་གྲྭ་ཚང་གི་མཁན་ལས་ཟུར་ཁག་དང་སློབ་གྲྭའི་དགེ་ལས་ཡོངས་བཅས་མཉམ་ཞུགས་བྱས།

དེ་ཡང་ཐོག་མར་ས་གནས་འགོ་འཛིན་གྱིས་དགའ་ཤར་སློབ་གྲྭའི་ཆེད་དུ་རྩོམ་སྒྲིག་བྱས་པའི་༧གོང་ས་མཆོག་གི་བསྡོད་ཚོགས་ཀྱི་དཔེ་དེབ་དབུ་འབྱེད་དང་འབྲེལ་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་དང་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་སྔོན་འགྲོའི་ལས་རིམ་གྲུབ་པ་དང་། དགའ་ཤར་སློབ་གྲྭའི་ངོས་ནས་ལོ་འདིར་བཏོན་གནང་བའི་དུས་དེབ་དང་ཆེད་དེབ་ཁག་གཅིག་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་འགྲེམས་སྤེལ་བྱས་རྗེས། སྐུ་མགྲོན་རྣམས་ཀྱིས་འཁྲུངས་སྐོར་དང་འབྲེལ་བའི་གསུང་བཤད་གནང་།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༢༢༥ ཀློག་གྲངས།