ཏུར་ཀིའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ།

རྒྱ་གཞུང་གིས་ཤིན་ཅང་དུ་ཁ་ཆེའི་ཆོས་ལུགས་ཀྱི་བྱེད་སྒོ་བཀག་སྡོམ་བྱས་པའི་རྐྱེན་གྱིས། འདས་པའི་ཉིན་གྲངས་བཅུའི་རིང་ཏུར་ཀི་རྒྱལ་ཁབ་ནང་རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟན་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༩ ཉིན། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཏུར་ཀི་(Turkey)མི་མང་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་རྔམ་སྟོན་དང། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་པ་སོགས། ལས་འགུལ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་ཡོད་འདུག དེའི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་ཤིན་ཅང་ཁ་ཆེ་བ་ཚོར་(Ramadan)རམ་ཛཱན་བསྙུང་གནས་ལ་ཞུགས་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་པས་ཡིན་པ་རེད།

^4BBF39A83E486EE03201B39A34F61B2A618CDE7B3E59E59462^pimgpsh_fullsize_distr“རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཁ་ཆེའི་མི་མང་ཚོར། རམ་ཛཱན་བསྙུང་གནས་ལ་ཞུགས་བཅུག་གི་མེད་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཅུག་གི་མེད་པའི་གནས་ཚུལ་གོ་དུས། ང་ཚོ་ཏུར་ཀི་མི་མང་བློ་ཕམ་ཆེན་པོ་བྱུང་” ཞེས་ཏུར་ཀིའི་ཕྱི་དྲིལ་ལས་ཁུངས་ཀྱིས་བརྗོད་ཡོད་འདུག།ཡིན་ཡང་རྒྱ་ནག་གཞུང་གིས་ཤིན་ཅང་ལ་ཆོས་དད་རང་དབང་ཡོད་པ་དང། ཆོས་ལུགས་བྱེད་སྒོ་ལ་བཀག་འགོག་བྱེད་པའི་གནས་ཚུལ་དེ་ནི་དངོས་ཡོད་མིན་པ་མ་ཟད། དེ་དག་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བརྒྱུད་ལམ་ཁག་གིས་འུད་གཏམ་སྤེལ་བ་ཡིན་ཚུལ་བརྗོད་ཡོད་འདུག།

རྒྱ་ནག་གཞུང་གིས་ཏུར་ཀི་ལ་སྤྲོ་འཆམ་འགྲོ་མཁན་རྒྱ་རིགས་ཚོར་གཟབ་ནན་དགོས་པའི་བརྡ་བཏང་ཡོད་འདུག་མོད། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་སྤྲོ་འཆམ་པ་ཁ་ཤས་ལ་ཏུར་ཀིའི་མི་ཁ་ཤས་ཀྱི་ཉེས་བརྡུང་བཏང་ཡོད་ཚུལ་ཐོན་འདུག

རྒྱ་གཞུང་གིས་ཤིན་ཅང་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀག་སྡོམ་དང། མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པས། ཤིན་ཅང་ཁ་ཆེ་བ་ཏུར་ཀི་ལ་བྲོས་བྱོལ་དུ་འགྲོ་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༤ ཀློག་གྲངས།