ཚང་མས་ཁོར་ཡུག་སྲུང་སྐྱོབ་བྱེད་རོགས།

དེང་སྐབས་འཛམ་གླིང་གང་སར་གློག་གི་འཕྲུལ་ཆས་ཀྱི་རིགས་དང། རྫས་སྦྱོར་འདྲ་མིན་གྱི་བཟོ་གྲྭ་སོགས་ལ་བརྟེན་ནས། ཁོར་ཡུག་འཕྲོ་བརླག་ཚབས་ཆེན་གཏོང་བཞིན་ཡོད་པ་དང། karma pa 24རྒྱལ་ཁབ་གང་སར་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་དོ་སྣང་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་དང་སྟབས་བསྟུན་བོད་པའི་ངོས་ནས་ཀྱང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེང་སྐབས་ཚ་དྲོད་འཕར་ནས་འཁྱག་རོམ་ཞུ་བ་དང། རྒྱུག་ཆུ་སྐམ་པ། རྩ་ཐང་བྱེ་ཐང་དུ་འགྱུར་གྱི་ཡོད་པས། བོད་མཐོ་སྒང་གི་ས་ཆ་ཡང་ཆེས་མང་པོ་ཞིག་རྒྱ་ནག་གི་དབང་བསྒྱུར་འོག་ནས་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་རྒྱལ་སྤྱིའི་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཚོས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ཉིན་འདིའི་དྷ་སའི་བགྲོ་གླེང་སྐབས་ཀྱང་༧ཀརྨ་པ་མཆོག་གིས་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་ཡོར་ཡུག་སྲུང་སྐྱོབ་དགོས་སྐོར་དང། ཁོར་ཡུག་སྲུང་སྐྱོབ་མ་བྱས་ན་མ་འོངས་པའི་ཉེན་ཁའི་སྐོར་སོགས་ལ་བཀའ་སློབ་གནང་ཡོད་པ་རེད།
people 24དེ་བཞིན་གཏམ་བཤད་གནང་མཁན་རྣམས་ཀྱིས་ཀྱང་སྤྱིར་རྒྱལ་སྤྱིའི་ཁོར་ཡུག་གི་ཉེན་ཁའི་སྐོར་དང། སྔོན་མ་བོད་མཐོ་སྒང་གི་ས་ཆའི་འཁྱགས་རོམ་དང། རྒྱུག་ཆུ། རྩྭ་ཐང་སོགས་ཀྱི་པར་རིས་དང། དེང་སྐབས་ཀྱི་པར་རིས་རྣམས་བརྙན་འཕྲིན་བརྒྱུད་ནས་མི་མང་ལ་བསྟན་པ་དང། ཁོར་ཡུག་ཉམས་ཆག་ག་ཚོད་ཕྱིན་ཡོད་མེད་ཅེས་ངོ་སྤྲོད་བྱས་པ་དང། སྒོས་སུ་མི་རེ་ངོ་རེས་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་ཀ་ག་རེ་བྱེད་དགོས་མིན་དང། ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་དགོས་སྐོར་སོགས་གསུངས་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོབ་ཀྱི་བགྲོ་གླེང་གོ་སྒྲིག་བྱེད་མཁན་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་དང། དྷ་ས་བདེ་དོན་ཁོར་ཡུག་སྡེ་ཚན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གངས་དཀར་ཏི་སི་ཁོར་ཡུག་སྲུང་སྐྱོབ་ཁང་བཅས་ཡིན་པ་དང། ཁོང་ཚོས་ཉིན་དེར་སྲང་ལམ་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་གྱི་པར་རིས་འགྲེམས་སྟོན་དང། ཡིག་ཆ་འགྲེམས་སྤེལ། ས་ཡིག་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང། ཕྱི་དྲོ་དྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་དུ་བགྲོ་གླེང་འཚོག་གི་ཡོད་པ་རེད།།

Share this:
༥༦ ཀློག་གྲངས།