རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ནང་ཆེས་གནོད་འཚེ་ཅན་གྱི་བྲོས་བྱོལ་བ་ཞིག་ཆགས་རྒྱུ་རེད།

རེས་གཟའ་མིག་དམར་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་རྒྱ་ནག་གི་སྟག་རྒན་ལི་ཅིན་ཧྥ་ཡི་གཅུང་པོ་ལི་ཝེ་ཁྲན་ཨ་རིར་གསང་བའི་བྲོས་བྱོལ་འོག་ཡོད་པའི་གནས་ཚུལ་སྐོར་ལན་འདེབས་བྱས་འདུག

150524194857_us_china_flag_624x351_getty_nocreditཕྱི་ཟླ་༨ པའི་ཚེས་༤ རེས་གཟའ་མིག་དམར་ཉིན། མིང་བརྗོད་འདོད་མེད་པའི་ཨ་རིའི་དཔོན་རིགས་ཤིག་གིས། ཉེ་བའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་ཨོ་བྷ་མ་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ། ཨ་རིར་བྲོས་བྱོལ་འོག་ཡོད་པའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལྡན་པའི་རྒྱ་ནག་གི་ཚོང་པ་ཞིག་ཕྱིར་སློག་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་། མི་དེ་ནི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ལི་ཅིན་ཧྥ་ཡི་གཅུང་པོ་ལི་ཝེ་ཁྲན་རེད་ཅེས་བརྗོད་འདུག

ལི་ཝེ་ཁྲན་ཡི་གཅེན་པོ་ལི་ཅིན་ཧྥ་ནི་སྐབས་སྔོན་མའི་རྒྱ་ནག་དམར་ཤོག་དྲུང་ཆེ་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་སྲིད་སྐྱོང་བའི་སྐབས། དབུས་དྲུང་ཆེ་ལས་ཁུངས་ཀྱི་དྲུང་ཆེ་དང་རྒྱ་ནག་དམར་ཤོག་དབུས་གཞུང་ལས་ཁང་གི་འགན་འཛིན་བཅས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་༧ པའི་ཚེས་༢༠ ཉིན། ལི་ཅིན་ཧྥ་དམར་ཤོག་ཚོགས་པ་དང་གོ་གནས་ནས་ཕྱིད་ཕུད་ཀྱིས་ཁྲིམས་ཞིབ་ཚན་པར་རྩིས་སྤྲད་བྱས་ཡོད།

སྐབས་སྔོན་མའི་རྒྱ་ནག་དམར་ཤོག་གི་གནད་ཡོད་མི་སྣ་ལི་ཅིན་ཧྥ།
སྐབས་སྔོན་མའི་རྒྱ་ནག་དམར་ཤོག་གི་གནད་ཡོད་མི་སྣ་ལི་ཅིན་ཧྥ།

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་རྗོ་ཤི་ཨིར་ནེ་སི་ཊི་ (Josh Earnest) ཡིས། ཁོང་གིས་དམིགས་བསལ་ཞིབ་ཕྲའི་གནད་དོན་གང་ཡང་བཤད་མི་ཐུབ་ཀྱང་། ཨ་རིའི་དཔོན་རིགས་ཀྱིས་རྒྱ་ནག་ཕྱོགས་ལ། རྒྱ་ནག་ཕྱོགས་ནས་ངེས་པར་དུ་ཨ་རིའི་ཕྱོགས་ལ་“གལ་ཆེ་དང་ཁ་གསལ། མི་ཡིད་ཆེས་རུང་བའི་”བདེན་དཔང་མཁོ་སྤྲོད་ཀྱིས་ལམ་ནས་ཨ་རིས་གནད་དོན་དེར། བརྟག་དཔྱད་བྱ་བར་མཐུན་འགྱུར་གནང་དགོས་ཞེས་རྒྱུན་དུ་བརྗོད་བཞིན་ཡོད་ཅེས་དང་། ཁོང་གིས་“སྤྱིར་ཨ་རྒྱ་གཉིས་བར་དཔེར་ན་ཤེས་བྱའི་ཐོན་སྐྱེད་ཐོབ་ཐང་སྲུང་སྐྱོབ་ཀྱི་མི་འདང་བ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་གི་འགུལ་བསྐྱོད་སོགས་ཀྱི་ཐོག་ལ་རྩོད་རྙོད་ལྷག་ཡོད་རུང་། ཨ་རི་ཕྱོགས་ནས་རྒྱ་ནག་དང་ལྷན་དུ་འཛུགས་སྐྲུན་རང་བཞིན་ཅན་གྱི་མཉམ་འབྲེལ་འབྲེལ་ལམ་འཛུགས་རྒྱུར་རེ་བ་བཅོལ་བཞིན།”

ནེའུ་ཡོག་དུས་བབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨོ་བྷ་མ་སྲིད་གཞུང་གིས་མིག་སྔར་པེ་ཅིང་གི་རེ་འདུན་ལྟར་ལི་ཝེ་ཁྲན་ཕྱིར་སློག་བྱ་རྒྱུར་ཁས་ལེན་བྱས་མེད་པ་མ་ཟད། ལི་ཝེ་ཁྲན་གྱིས་རྒྱ་ནག་གཞུང་ལ་ངོ་ལོག་བྱ་སྲིད་པ་དང་། གལ་སྲིད་ལི་ཝེ་ཁྲན་གྱིས་ཨ་རིར་ཆབ་སྲིད་སྐྱབས་བཅོལ་ཞུས་པ་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཆེས་གནོད་འཚེ་ཅན་གྱི་བྲོས་བྱོལ་བ་ཞིག་ཆགས་རྒྱུ་ཡིན་པ་རེད།།”

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༧༧ ཀློག་གྲངས།