ས་གནས་མི་མང་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན།

ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་གྱི་ས་གནས་མི་མང་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན་ཐེངས་༤༨ པ་དེ་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་འཚོགས་ཡོད་པ་རེད།
ཚོགས་འདུའི་ཐོག་དམིགས་བསལ་སྐུ་མགྲོན་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ དང་སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་སྐུ་ཚབ་ལས་དྲུང་རྒྱ་མཚོ། ས་གནས་མཉམ་འབྲེལ་གྱི་འཛིན་སྐྱོང་དྲུང་ཆེ་ཀརྨ་དོན་གྲུབ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་གཉིས་གཙོས་འགན་འཛིན་ལྷན་ཚོགས་དང་གཞིས་གྲོང་ཁག་དགུའི་ཤས་བདག་མི་མང་བཅས་མཉམ་འཛོམས་བྱས་ཡོད་པ་རེད།

mail.gooདེ་ཡང་ཐོག་མར་མཉམ་འབྲེལ་དྲུང་ཆེ་ཀརྨ་དོན་གྲུབ་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་ཕྱི་ལོ་༢༠༡༤། ༡༥ ལོའི་རྩིས་ཁྲ་སྒྲོགས་སྦྱང་རྗེས། མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་ཚེ་རིང་གིས་ཕྱི་ལོ་༢༠༡༤། ༡༥ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་ལོ་འཁོར་ཚོགས་ཆེན་དང་འབྲེལ་བའི་གཏམ་བཤད་གནང་སོང་།

དེ་ནས་དྲུང་ཆེ་ཀརྨ་དོན་གྲུབ་ཀྱིས་ཕྱི་ལོ་༢༠༡༥ ། ༡༦ ལོའི་ལོ་འཁོར་སྔོན་རྩིས་ཤས་བདག་མང་ཚོགས་ལ་གསལ་བཤད་དང་བཀའ་འཁྲོལ་ས་གནས་མཉམ་འབྲེལ་གྱི་རྩིས་ཁྲར་དབང་ཚད་ཅན་གྱི་རྒྱ་གར་རྩིས་ཞིབ་པ་ཞིག་བསྐོ་ཕྱོགས་བཅས་ཀྱི་སྐོར་ལ་མཉམ་འབྲེལ་ཤས་བདག་མི་མང་ལ་བཀའ་འཁྲོལ་ཞུས་གྲུབ་པ་དང་། མཉམ་འབྲེལ་ཚོགས་གཞོན་བསོད་ནམས་ལྷ་མོ་ནས་སྔ་ལོའི་ཚོགས་ཆེན་ཐོག་གི་དྲི་བ་རྣམས་ལ་གསལ་བཤད་དང་འབྲེལ་ཤས་བདག་མི་མང་གིས་མཉམ་འབྲེལ་གྱི་འབྱུང་འགྱུར་ལས་གཞི་ཁག་ཡར་རྒྱས་ཚགས་འཚུད་གཏོང་ཕྱོགས་སྐོར་དང་འབྲེལ་དྲི་བ་དྲིས་ལན་དང་ལན་འདེབས་གསལ་བཤད་བཅས་གནང་སོང་།

mail.google.comདེ་ནས་དམིགས་བསལ་སྐུ་མགྲོན་ས་འཐུས་ཚོགས་གཞོན་དགེ་ཤེས་རྣམ་རྒྱལ་རྒྱལ་མཚན་གྱིས་མཛད་སྒོ་དང་འབྲེལ་གསུང་བཤད་གནང་དོན། ང་རང་ཚོར་ཆ་རྐྱེན་ག་ཚོད་འཛོམས་པོ་ཡོད་ཀྱང་མིའི་ལུང་པར་འཚོ་གནས་བྱས་ནས་བསྡད་ཡོད་པ་རེད་ལ། དོན་དངོས་སྐྱབས་བཅོལ་བའི་གནས་སྟངས་ཐོག་གནས་ཡོད་པ་དེ་ནམ་ཡང་ཤེས་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། ང་ཚོ་མིའི་ལུང་པར་བསྡད་ཡོད་ཀྱང་རང་དབང་ལོངས་སུ་སྤྱད་ནས་ཚོགས་པ་སྒྲིག་འཛུགས་བཙུགས། ལས་བསྡོམས་དང་རྩིས་ཁྲ་སོགས་སྒྲོགས་སྦྱང་གནང་ནས་བསྡད་ཡོད་པ་འདིའི་མཚོན་ཡུལ་གྱར་བ་གཞན་དང་མི་འདྲ་བ་ཞིག་གི་ངོ་བོའི་ཐོག་འཚོ་གནས་བྱས་ནས་བསྡད་ཡོད་པ་འདི་ནི་༧གོང་ས་མཆོག་ཉག་གཅིག་གི་བཀའ་དྲིན་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་དང་།

མུ་མཐུད་ནས་གསུང་དོན་མི་མང་གི་ངོས་ནས་ནམ་རྒྱུན་༧གོང་ས་མཆོག་གིས་བཀའ་དགོངས་འགལ་མེད་ཐོག་ཤར་བསྐྱོད་བྱ་རྒྱུ་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མ་འགལ་བའི་ཐོག་ནས་ས་གནས་ཡུལ་མི་དང་མཐུན་ལམ་མཉམ་གནས་བྱ་རྒྱུ་དང་། ལྷག་དོན་དུ་རང་ཉིད་སྐྱབས་བཅོལ་བ་ཡིན་པ་མ་བརྗེད་པའི་ཐོག་བོད་མིའི་རྩ་དོན་ཐོག་དོ་ཁུར་མཉམ་ལེན་བྱེད་དགོས་པ་དོན་གྱི་སྙིང་པོ་ཡིན་པ་རེད། གཞི་རྩའི་ཚོགས་པ་དང་སྒྲིག་འཛུགས་ཤིག་ཡིན་ན་མི་སྒེར་ནང་བཞིན་སྤྲད་ཆོག་ཆོག་དང་གཏོང་ཆོག་ཆོག་ཤིག་མེད་པ་ཡིན་པས། མི་མང་གིས་ངོས་ནས་ཡིན་ན་བསམ་བློ་གཏོང་དགོས་པ་རེད། རྩ་བས་མོན་གྷོ་མི་མང་མཉམ་འབྲེལ་གྱི་ལས་བྱེད་ཚོས་༧གོང་ས་མཆོག་ས་གནས་སུ་ཆིབས་བསྒྱུར་སྐབས་ཀྱིས་མཚོན། ནམ་རྒྱུན་ས་གནས་འགོ་འཛིན་ལས་ཁང་གི་ལས་བྱེད་ཚོ་དང་ལས་ཀ་མཉམ་རུབ་བྱེད་བཞིན་འདུག་པའི་གནས་སྟངས་སོགས་མི་མང་ཞབས་ཞུ་སྒྲུབ་ཕྱོགས་སོགས་ཕྱག་ལས་གནང་སྟངས་དང་བསམ་བློ་ཁུར་སྟངས་ཡག་པོ་འདུག་ལ་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང།

དེ་ནས་མཉམ་འབྲེལ་འགན་འཐུས་རྙིང་པ་རྣམས་དང་། མཉམ་འབྲེལ་ལས་བྱེད་རྒན་ཡོལ་སོང་ཟིན་རྣམས། གཞིས་གྲོང་ཁག་གི་སྤྱི་མི་ཟུར་བ་རྣམས་བཅས་སུ་གཟེང་བསྟོད་དང་ཐུགས་རྗེ་ལེགས་འབུལ། ཕྱག་འཁྱེར་དང་མཇལ་དར་བཅས་ཕུལ་གནང་སོང་།

དེ་བཞིན་མོན་གྷོ་ས་གནས་མཉམ་འབྲེལ་གྱིས་ཤས་བདག་མང་ཚོགས་ཀྱི་བུ་ཕྲུག་འདི་ལོ་འཛིན་རིམ་བཅུ་གཉིས་ཐོན་ནས་མཐོ་སློབ་ནང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་བཅུ་ལ་སློབ་ཡོན་གྱི་དོད་དུ་རྒྱན་ཤོག་ལམ་ནས་སློབ་ཕྲུག་གཅིག་ལ་ཧིན་སྒོར་༥༠༠༠ རེ་ཕུལ་རྒྱུའི་རྒྱན་དཀྲུག་གནང་གྲུབ་པ་དང་ཆབས་ཅིག་གཞིས་གྲོང་རེ་རེ་ནས་མཉམ་འབྲེལ་ལ་འབྲུ་རིགས་བཙོང་མཁན་ཞིང་པ་རེ་དང་། གཞིས་གྲོང་རྩེ་ཕུད་གསུམ། དེ་བཞིན་མི་མང་མཉམ་འབྲེལ་ཚོང་ཁང་ནས་ཤས་བདག་མང་ཚོགས་ནང་ནས་བཅའ་དངོས་མང་ཤོས་ཉོ་མཁན་མི་གྲངས་༢༥ བཅས་སུ་བྱ་དགའ་གསོལ་བསྩལ་གནང་གྲུབ་པ་དང་། མཉམ་འབྲེལ་འགན་འཐུས་རིན་ཆེན་སྒྲོལ་མས་ཐུགས་རྗེ་ཆེའི་གཏམ་བཤད་གྲུབ་པ་དང་ཉིན་འདིའི་འཚོགས་འདུ་གྲོལ་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༡༧༥ ཀློག་གྲངས།