ཁམས་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོར་མི་མང་ལ་དྲག་རྡུང་།

བོད་ནས་འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཟླ་༨ ཚེས་འགོ་ནས་བཟུང་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་མང་པོར་བརྒྱད་གཅིག་དུས་སྟོན་ཟེར་བ་བཙན་ཤེད་ཀྱིས་དུས་སྟོན་སྤྲོ་ཚོགས་ཀྱི་མཛད་སྒོ་འཚོགས་བཅུག་བཞིན་ཡོད་པ་དང་།

1631140690དེ་ཡང་ཁམས་ནང་ཆེན་རྫོང་ཀ་གཞུང་ཡུལ་ཚོའི་སྲིད་གཞུང་ནས་མི་མང་ཚང་མ་ཀ་གསུམ་སུམ་འདོར་བསྡུས་ནས་བརྒྱད་པའི་དུས་སྟོན་(བརྒྱད་གཅིག་ནི་རྒྱ་ནག་གི་དམག་གི་དུས་ཆེན་རེད་)ཟེར་བ་གཉེར་དགོས་པ་དང་། མི་མང་གི་དུས་སྟོན་མཛད་སྒོ་གྲ་སྒྲིག་དེ་རྒྱ་གཞུང་གི་འདོད་པ་དང་མཐུན་པ་མ་བྱུང་བའི་རྐྱེན་གྱིས།

ཚེས་༥ ཉིན་གྱི་མཚན་མོར་ནང་ཆེན་རྫོང་གི་མགོ་ཁྲིད་ཁག་ཅིག་ནས་དྲག་ཆས་དམག་མི་མང་པོ་ཁྲིད་ནས་མཚན་མོ་མི་མང་རྣམས་ཉལ་ཡོད་པའི་སྐབས་དང་བསྟུན་ནས་གྲི་དང་། ཐོ་བ། རྡོ། དབྱུག་པ་སོགས་ཀྱི་གཞུས་པ་མ་ཟད་དུག་གིས་བདུག་ནས་མི་སྤྱོད་ལས་འདས་པའི་དྲག་རྡུང་བྱས་རྐྱེན་ད་ལྟ་མི་སེར་མང་པོ་ཞིག་འཆི་བའི་ཉེན་ཁའི་འོག་གནས་ཡོད་འདུག

དྲག་རྡུང་བྱས་ཏེ་འཆི་ལ་ཁད་བཟོས་ཡོད་པའི་སེང་སྨད་རུ་ཆེན་གྱི་མི་སྣ་བཀྲ་འདུལ། ཞོ་འཕེལ། རྦུ་དར་སོགས་ད་ལྟ་མི་མང་སྨན་ཁང་དུ་ཡོད་པ་དང་།

ཉེས་རྡུང་ཚབས་ཆེན་ཕོག་པའི་མི་སྣ་ཁག་གཅིག་ཡུལ་ཤུལ་སྨན་ཁང་དུ་བཅོས་མ་ཐུབ་པར་། ཟི་ལིང་དུ་སྨན་བཅོས་ཆེད་བསྐྱལ་ཡོད་པ་དང། རྡུང་རྡེག་ཚབས་ཆེན་པོ་ཐེབས་པའི་ཨ་རྡོ་ནི་གསོན་རེ་བྲལ་བ་ལྟ་བུར་ཆགས་ཡོད་འདུག

1631140691རྒྱ་གཞུང་གི་སྒྲིག་གཞི་དང་ལམ་ལུགས་ལྟར་ན། རྒྱལ་ཁོངས་ཀྱི་འགོ་ཁྲིད་དང་། ལས་བྱེད། གཞུང་ཞབས་པ་ཟེར་བ་དེ་མི་དམངས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་དང་།་མི་མང་གི་ཁེ་ཕན་སྲུང་བའི་མི་སྣ་ཞིག་ཡིན་དགོས་ཞེས་འཁོད་ཡོད་རེད་ལ། ཀ་གཞུང་མི་མང་གིས་གོང་རིམ་གྱི་འགོ་ཁྲིད་རྣམས་ལ་གནོད་པ་ཤིག་ཙམ་ཡང་སྐྱེལ་མྱོང་མེད་མོད། ནང་ཆེན་རྫོང་གི་དྲག་ཆས་ཉེན་རྟོག་པ་དང་། ཀ་གཞུང་ཡུལ་ཚོའི་འགོ་ཁྲིད་དེ་བཞིན་ས་གནས་ཀྱི་ཚོ་སྲུང་རུ་མི་ཚོས་དགོས་པ་རྒྱུ་མཚན་བགྲང་རྒྱུ་མེད་པར་ཉེས་མེད་མི་སེར་བཅར་རྡུང་དང། བཙན་གསོད་བྱས་སོང་ཞེས་འབྲེལ་ཡོད་བརྗོད་སོང་།

ས་གནས་མི་མང་འུ་ཐུག་ནས་ ཁྱེད་ཅག་བཙན་པོས་མི་མགོ་གཅོད་བཞིན་འཆི་ནུས་ན། ང་ཚོ་ཉམ་ཆུང་རང་ལུས་སྲུང་ཕྱིར་འཆི་མི་ནུས་རྒྱུ་གཏན་ནས་མེད་ཅེས་དང་། ངེད་ཚོས་ལས་མཐའ་ཅི་ལ་ཐུག་རུང་། ཁྲིམས་བདེན་པའི་རྒྱབ་རྩ་གྲོགས་སུ་བོས་ནས། ངོ་རྒོལ་དང་འཐབ་རྩོད་ཀྱི་བགྱི་བ་ལྷུར་ལེན་ངེས་ཡིན་ཞེས་བསྒྲགས་འདུག་ལ།

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མི་མང་རྣམས་ནས། ཉམ་ཆུང་ང་ཚོའི་གནས་སྟངས་གཟིགས་ནས་དྲང་བདེན་གྱི་རྒྱབ་སྐྱོར་གནང་བར་འབོད་སྐུལ་གནང་རོགས་ཅེས་འགྲེལ་བརྗོད་བྱས་འདུག། གསར་འགོད་པ་ངག་དབང་ཐར་པ།

Share this:
༩༤ ཀློག་གྲངས།