གདང་ལ་རི་བོའི་དུས་དེབ་ཀྱི་རྩོམ་ཡིག་བྱ་དགའ།

ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གདང་ལ་རི་བོ་དུས་དེབ་འདོན་ཐེངས་གཉིས་པ་དབུ་འབྱེད་དང་། རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་སྤྲད་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

kl14མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། རྩོམ་པ་པོ་ན་ག་སངས་རྒྱས་བསྟན་དར། རྩོམ་པ་པོ་སྤྲེལ་ནགས་པ་བློ་གྲོས་དཔལ་བཟང་། དེ་བཞིན་དྷ་སའི་ཉེ་འཁོར་གྱི་རྩོམ་པ་པོ་དང་རིག་གནས་བ་ཁག་ཅིག་བཅས་ཕེབས་ཡོད་པ་རེད།
གདང་ལ་རི་བོ་དུས་དེབ་ནི་བོད་མི་སྒེར་པ་ཁག་ཅིག་གིས་ལོ་རེར་ཐེངས་རེ་འདོན་གྱི་ཡོད་པ་དང་། དེ་ཡང་འབོལ་རྩོམ་ཁོ་ནའི་ངོ་བོར་བཏོན་པའི་དུས་དེབ་ཅིག་ཡིན་པ་རེད།

དེའི་ནང་དུ་རྩོམ་ཡིག་འགྲན་སྡུར་གྱིས་ཨང་དང་པོ་སྐལ་མ་རབ་རྒྱས་ལ་ཧིན་སྒོར་ཁྲི་གཅིག་དང་། གཉིས་པ་ཏྲེ་ནེ་ཙོ་ལ་ཧིན་སྒོར་བདུན་སྟོང་། ཨང་གསུམ་པ་དེད་དཔོན་ལ་ཧིན་སྒོར་སུམ་སྟོང་བཅས་ཀྱི་བྱ་དགའ་སྤྲད་པ་མ་ཟད། དུས་དེབ་དེའི་ཐོག་རྩོམ་ཡིག་བཀོད་པའི་རྩོམ་པ་པོ་ཚང་མར་ཧིན་སྒོར་ཅིག་སྟོང་རེའི་རྩོམ་ཡོན་སྤྲད་ཡོད་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༨༠༩ ཀློག་གྲངས།