ལི་ཐང་དུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག

ཟླ་འདིའི་ཚེས་༡༨ རེས་གཟའ་མིག་དམར་ཉིན། མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ཞེས་པའི་ས་ཆར་རྟེན་གཞི་བྱས་པའི་རྒྱ་ནག་གི་ཉེན་རྟོག་ཚན་པ་ཡཱོ་ཡཱོ་ལིའི། ཞེས་པའི་ཁང་པའི་ཉེ་འགྲམ་དུ་བོད་མི་ལོ་ན་གཞོན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

unnamedདེ་ཡང་ཁོང་གིས་ངོ་རྒོལ་ཁྲོམ་སྐོར་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཐང་ཆེན་པོ་ཞིག་གནམ་ལ་འཕྱར་ནས། བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་འབོད་ཚིག་བསྒྲགས་པ་དང་། གློ་བུར་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།

སྐབས་དེར་སྔ་དྲོའི་ཆུ་ཚོད་༩ དང་སྐར་མ་༤༠ ཡས་མས་ཤིག་ཡིན་འདུག་ཅིང་། སྐབས་དེར་མི་མང་པོ་མེད་པས་རྐྱེན་གྱིས་རྒྱའི་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་སྐད་འབོད་གནང་མཁན་ཁོང་གློ་བུར་ལས་སླ་པོའི་ངང་འཇུ་བཟུང་བྱས་ནས། སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་འདུག དམ་དྲག་ཆེས་བས་རྐྱེན་པས་ད་ལྟ་བོད་མི་དེ་གང་ནས་ཡིན་པ་དང་། མིང་། ལོ་སོགས་ངོས་འཛིན་གསལ་པོ་བྱུང་མེད་པ་རེད་ཅེས་སེར་སྨད་བློ་དགས་གནས་ཚུལ་མཁོ་སྤྲོད་གནང་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
unnamed2

Share this:
༡༤༡ ཀློག་གྲངས།