བཀའ་ཁྲི་སྐྱ་སེར་སུ་དགོས་མིན་སྐོར་ལ་སློབ་མའི་བགྲོ་གླེང།

དེ་ཡང་བགྲོ་གླེང་གནང་སྐབས་སློབ་མ་ཚོས་གསུང་དོན། ང་ཚོ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང། དེ་བཞིན་ལྐོག་ཟ་རུལ་སོངས་ཀྱི་ཉེན་ཁ་སོགས་མི་འབྱུང་བ་དང་ལྷག་པར་ཏུ་༧གོང་ས་མཆོག་གི་ཐུགས་བཞེད་ཇི་བཞིན་སྒྲུབ་ཐུབ་མཁན་སོགས་ལ། གནའ་དེང་གི་ཤེས་ཡོན་གྱིས་རབ་ཏུ་ཕྱུག་ཅིང།  ལུགས་གཉིས་ལ་མཁྱེན་དཔྱོད་ཡང་བའི་སེར་མོ་བ་ཞིག་ངེས་པར་དུ་བཀའ་བློན་ཁྲི་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་དགོས་པ་རེད་ཅེས་དང། ཡང་མི་སྐྱ་ཞིག་གི་བཀའ་བློན་ཁྲི་པ་བྱས་ན་ལེགས་ཚུལ་གསུང་མཁན་ཚོས། རྒྱ་ནག་གིས་༧གོང་ས་མཆོག་གི་གཙོའི་ང་ཚོའི་གཞུང་ལ་དངོས་བདེན་མ་ཡིན་པའི་སྐྱོན་བཛུགས་དང་སྐུལ་འདེབས་སོགས་བྱེད་ཀྱི་ཡོད་པ་དེ་ཚོ་འཛམ་གླིང་གི་སྔོན་ལ་ར་སྤྲོད་གསལ་བོ་བྱེད་ཐུབས་པ་དང༌། གལ་སྲིད་མ་འོངས་པར་རྒྱལ་ཁབ་གཞན་གྱིས་ང་ཚོར་བཙན་འཛུལ་བྱས་ན། དེའི་སྐབས་ང་ཚོ་འཚེ་མེད་ཞི་བ་ཡིན་ཟེར་དེ་ལག་པ་བསྐྱངས་ནས་སྡོད་ས་ཞིག་མེད་པ་ཡིན་ཙང། སོ་སོའི་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་སོགས་སེར་མོ་བ་ཞིག་གིས་སྒྲུབ་མི་འོས་པའི་ཆབ་སྲིད་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་ཡོད་པ་རེད་ཅེས་སོགས་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་རྗེས་ཐ་མིའི་ཨང་དང་པོའི་རྒྱལ་ཁ་དེ་འཛིན་རིམ་ལྔ་པའི་སློབ་མ་ངག་དབང་ཆོས་འཕེལ་དང། ཨང་གཉིས་པ་འཛིན་རིམ་དགུ་བའི་སློབ་མ་བློ་བཟང་སྦྱིན་པ། ཨང་གསུམ་པ་འཛིན་རིམ་དྲུག་པའི་སློབ་མ་མིག་དམར་ཚེ་རིང་བཅས་ལ་ཐོབ་ཡོད་པ་རེད།།                                                                             མོན་གྷོ་གསར་འགོད་པས།

Share this:
༦༤ ཀློག་གྲངས།