དམག་འཁྲུག་གྲ་སྒྲིག་རྣམ་པའི་འོག་སྡོད་རྒྱུའི་བཀའ་ཁྱབ།

བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་ཁེམ་རྗོན་ཨན་གྱིས་གལ་སྲིད་ལྷོ་ཀོ་རི་ཡས་ཆུ་ཚོད་༤༨ ནང་སེམས་ཁམས་དམག་འཁྲུག་མཚམས་འཇོག་མ་བྱས་ན། དམག་འཁྲུག་གྲ་སྒྲིག་གི་རྣམ་པའི་འོག་སྡོད་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་འདུག

150821024938_south_korean_army_soldiers_640x360_afpབྱང་ཀོ་རི་ཡ་དབུས་གསར་ལས་ཁང་གིས་ཕྱི་ཟླ་༨ པའི་ཚེས་༢༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་ཁེམ་རྗོན་ཨན་གྱིས་ཕྱི་ཚེས་༢༠ ཉིན། དབུས་ངལ་རྩོལ་ཚོགས་པའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཛ་དྲག་ཚོགས་འདུ་བསྐོངས་ཏེ། གལ་སྲིད་ལྷོ་ཀོ་རི་ཡས་ཆུ་ཚོད་༢༤ ནང་སེམས་ཁམས་དམག་འཁྲུག་མཚམས་འཇོག་མ་བྱས་པ་ཡིན་ན། ཕྱི་ཚེས་༢༡ ཉིན་གྱི་ཆུ་ཚོད་༡༧ ནས་བཟུང་བྱང་ཀོ་རི་ཡ་མི་མང་དམག་གི་མདུན་བསྐྱོད་རུ་ཁག་“དམག་འཁྲུག་གྲ་སྒྲིག་རྣམ་པའི་”འོག་སྡོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། བྱང་ཀོ་རི་ཡས་ཛ་དྲག་ངང་དམག་འཁྲུག་བཀོད་འདོམས་མི་སྣ་མདུན་བསྐྱོད་རུ་ཁག་དམག་དཔུང་དུ་མངགས་གཏོང་བྱས་ཟིན་པ་དང་། བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རིའི་ཕྱོགས་ཀྱི་སེམས་ཁམས་དམག་འཁྲུག་ལ་ཁ་གཏད་གཅོག་ཐུབ་པའི་དམག་དོན་བྱེད་ཐབས་ལག་བསྟར་བྱས་ཏེ། དགྲ་བོས་ཚུར་རྒོལ་བྱ་སྲིད་པ་ཐམས་ཅད་ལ་ནུས་པ་ལྡན་པའི་ལས་འདེབས་བྱ་རྒྱུ་ཡིན་པ་རེད།

150821024752_south_korean_army_soldiers_640x360_apཕྱི་ཚེས་༢༠ ཉིན་བྱང་ཀོ་རི་ཡ་མི་མང་དམག་གི་ཆེས་མཐོའི་དམག་སྤྱི་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དེའི་སྔོན་བྱང་ཀོ་རི་ཡའི་ཕྱོགས་ནས་ལྷོ་ཀོ་རི་ཡའི་མཐའ་མཚམས་ཕྱོགས་སུ་མེ་སྒྱོགས་བརྒྱབ་པའི་ཁས་ལེན་བྱས་མེད་པ་དང་། གསལ་བསྒྲགས་ནང་འཁོད་པ་ལྟར་ན། ཕྱི་ཚེས་༢༠ ཉིན་གྱི་ཕྱི་དྲོར་ལྷོ་བྱང་གཉིས་ཀྱི་ནུབ་ཕྱོགས་མཐའ་མཚམས་སུ། ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡས་མེ་སྒྱོགས་བརྒྱབ་སོང་ཞེས་པའི་རྫུན་བཟོ་ལ་ཁག་གཡར་ཏེ། བྱང་ཀོ་རི་ཡའི་ཕྱོགས་སུ་བསྟུད་མར་མེ་སྒྱོགས་བཅུ་གྲངས་ཤིག་བརྒྱབ་ཡོད་ཀྱང་། བྱང་ཀོ་རི་ཡའི་ཕྱོགས་ལ་ཤི་རྨས་གང་ཡང་བཟོས་མེད། ཡིན་ནའང་། དེ་ནི་བྱང་ཀོ་རི་ཡའི་མངའ་ཁོངས་གཅིག་གྱུར་དང་མཐའ་མཚམས་སྲུང་སྐྱོབ་ཐད་གཟོད་བསྲན་བྱ་ཐབས་བྲལ་བའི་ཚབས་ཆེ་བའི་དམག་དོན་དཀྲུག་བཤིག་ཅིག་རེད། གསལ་བསྒྲགས་ནང་། ལྷོ་ཀོ་རི་ཡའི་ས་ཐོག་འབར་རྫས་གས་གཏོར་དོན་རྐྱེན་ལ་ཁག་གཡར་ཏེ། ལྷོ་བྱང་གཉིས་ཀྱི་མཐའ་མཚམས་སུ་བསྐྱར་དུ་བྱང་ཀོ་རི་ཡར་སེམས་ཁམས་དམག་འཁྲུག་ཁྱབ་བསྒྲགས་བྱས་པ་དང་། ད་ལྟ་བསྐྱར་དུ་བདེན་དཔང་ཁ་གསལ་མེད་པའི་གནས་སྟངས་འོག་བྱང་ཀོ་རི་ཡའི་ཕྱོགས་སུ་མེ་སྒྱོགས་བརྒྱབ་པ་དེས། ལྷོ་ཀོ་རི་ཡའི་དཀྲུག་བཤིག་གི་གདོང་རིས་ངོ་མ་ཕྱིར་བསྟན་པ་རེད་ཅེས་བརྗོད་འདུག

150820233034_north_korea_kim_jong_un_624x351_afpལྷོ་ཀོ་རི་ཡའི་མཉམ་འབྲེལ་གསར་ཁང་གིས་ལྷོ་ཀོ་རི་ཡའི་དམག་ཕྱོགས་ཀྱི་འགན་ཁུར་མི་སྣའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། ཕྱི་ཚེས་༢༠ ཉིན་གྱི་ཆུ་ཚོད་༡༥ དང་སྐར་མ་༥༢ ཐོག ལྷོ་དམག་གི་བརྟག་དཔྱད་ཡོ་ཆས་ཀྱིས་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་མཐའ་མཚམས་སུ་རྗོན་རྗི་ཡ་ཆན་ཞེས་པའི་ཉེ་འཁོར་དུ་མེ་སྒྱོགས་བརྒྱབ་ཡོད་པའི་དོགས་གཞི་ཤེས་རྟོགས་བྱུང་པའི་རྗེས། ལྷོ་ཀོ་རི་ཡའི་ཕྱོགས་ནས་རྒྱུ་མཚན་དེས་རྐྱེན་གྱིས་བྱང་ཀོ་རི་ཡའི་དམག་གི་ཕྱོགས་སུ་ལན་འདེབས་ཆེད་མེ་སྒྱོགས་བཅུ་གྲངས་ཤིག་བརྒྱབ་པ་རེད་ཅེས་བརྗོད་འདུག

ཉེ་བའི་ཆར་ལྷོ་བྱང་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་པ་ནི་ཟླ་འདིའི་ཕྱི་ཚེས་༤ ཉིན། ལྷོ་བྱང་གཉིས་ཀྱི་དམག་དོན་མ་ཡིན་པའི་ལྷོ་ཀོ་རི་ཡའི་ས་ཁུལ་དུ་འབར་གས་བྱུང་སྟེ། ལྷོ་ཀོ་རི་ཡའི་དམག་མི་གཉིས་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད། ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལས་ཁུངས་ཀྱིས། དེ་ནི་བྱང་ཀོ་རི་ཡས་ས་འོག་ཏུ་སྦས་སྐུང་བྱས་པའི་འབར་རྫས་ཡིན་པའི་ངོས་འཛིན་གྱིས། མཚམས་འཇོག་བྱས་ཏེ་ལོ་བཅུ་གྲངས་ཤིག་ཕྱིན་ཟིན་པའི་བྱང་ཀོ་རི་ཡའི་ཕྱོགས་སུ་རྒྱང་སྒྲོག་སྐད་འབོད་བསྐྱར་གསོ་བྱས་པ་སོགས་ལ་བརྟེན་ནས་བྱུང་པ་ཞིག་ཡིན་པ་རེད།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།

Share this:
༡༤༧ ཀློག་གྲངས།