བུ་ལོ་༡༡ ཅན་ཞིག་གིས་བུ་མོ་ལོ་༨ ཡིན་པ་ཞིག་མེ་མདའ་བརྒྱབ་ནས་བསད་འདུག

ཟླ་འདིའི་ཚེས་༣ ཉིན་ཨ་རིའི་མངའ་སྡེ་ཊེ་ནི་སིའི་(Tenessee)ནང་དུ་བུ་ལོ་༡༡ སོན་པ་ཞིག་གིས་བུ་མོ་ལོ་༨ ཡིན་པ་ཞིག་ལ་མེ་མདའ་བརྒྱབ་ནས་བསད་པའི་དོག་གཞིའི་འོག་འཛིན་བཟུང་བྱས་འདུག

12067972_1043207405703128_1617933919_nསྦི་སྦི་སིས་རྒྱལ་སྤྱིའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བུ་ཆུང་དེ་ལ་མི་བསད་པའི་ཚད་གཞི་མཐོ་ཤོས་ཀྱི་ནག་ཉེས་བཙུགས་པ་དང། ཉེན་རྟོག་པས་འགྲེལ་བརྗོད་བྱས་པ་ལྟར་ན། བུ་མོ་མེག་ཀེ་ལས་(mc Kayla)མོ་རང་གི་ཞི་མི་བུ་ཆུང་དེ་ལ་བལྟ་རུ་མ་བཅུག་པས། ཁོས་རང་ཉིད་ཀྱི་པཱ་ལགས་ཀྱི་མེ་མདའ་ཁྱེར་ཡོང་ནས་མོ་བསད་ཡོད་འདུག
བུ་ཆུང་དེ་དང་བུ་མོ་གཉིས་སློབ་གྲྭ་གཅིག་ལ་འགྲོ་ཡི་ཡོད་པ་དང། མོ་རང་གི་ཨ་མས་བརྗོད་ཚུལ་བྱས་ན། དེ་སྔོན་བུ་ཆུང་དེས་བུ་མོ་མེག་ཀེ་ལར་མིང་འདོགས་བྱས་ནས་ཐུབ་ཚོད་གཏོང་གི་ཡོད་པ་དང། མོ་རང་སློབ་གྲྭའི་སློབ་སྤྱི་ལ་སྐོར་ཞུ་གཏུགས་བྱེད་པར་ཕྱིན་པས། ཁོས་ཐུབ་ཚོད་བྱེད་རྒྱུ་མཚགས་བཞག་ཙམ་ཡིན་སྐོར་བརྗོད་འདུག

བུ་ཆུང་དེ་ལོ་བཅོ་བརྒྱད་ལོན་མེད་པས། ཁོའི་ངོ་བོ་གསལ་སྟོན་བྱེད་རྒྱུ་མིན་པ་དང། ཟླ་འདིའི་ཚེས་༢༨ ཉིན་ཁྲིམས་ཁང་ལ་ཡོང་དགོས་ཀྱི་ཡོད་འདུག

ཨ་རིའི་ནང་དུ་མེ་མདའ་ཉར་ཕྱོགས་ཀྱི་ཁྲིམས་དམ་པོ་མེད་པས། མི་མང་ཉེས་མེད་མང་པོ་ཞིག་ལ་མེ་མདའི་དྲག་གནོན་འོག་ཚེ་སྲོག་ཤོར་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༡ ཉིན་སེམས་པ་ཐང་པོ་མེད་པའི་མི་ཞིག་གིས་ཨ་རིའི་ཨོ་རི་གྷོན་(Oregon)མཐོ་སློབ་ནང་དུ་མེ་མདའ་བརྒྱབ་ནས།མི་༩ བསད་ཡོད་པ་དང་༦ ལ་རྨས་སྐྱོན་ཕོགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༣ ཀློག་གྲངས།