བཞུགས་སྒར་དུ་༸གོང་ས་མཆོག་གི་གསུང་ཆོས།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་དང། རྟེན་འབྲེལ་བསྟོད་པ་གཉིས་ཀྱི་གསུང་ཆོས་དང། ཚེས་༢༥ ཉིན་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བཀའ་དབང་གི་སྟ་གོན་དང། ཚེས་༢༦ ཉིན་དབང་དངོས་གཞི་བཅས་གནང་རྒྱུ་ཡིན་པ་རེད། ཚེས་༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་༸གོང་ས་མཆོག་ཕོ་བྲང་ནས་གཙུག་ལག་ཁང་ཆིབས་བསྒྱུར་བསྐྱངས་སྐབས་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ལག་ཐལ་མོ་སྦྱར་ནས་གུས་པ་ཆེན་པོས་བསུ་བ་ཞུས་པ་དང། ༸གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་བཀའ་སློབ་བསྩལ་དོན།aaawwweee
དེང་སྐབས་ཨུ་རུ་སུའི་ས་ཁུལ་ཁག་ཏུ་ནང་ཆོས་དར་ཁྱབ་འགྲོ་བཞིན་པ་དང་། དེ་རིང་གི་ནང་ཆོས་འཆད་ཉན་འདི་དུས་རབས་གཅིག་ནང་བྱུང་ཟིན་པའི་ང་ཚོའི་འབྲེལ་ལམ་བརྟན་པོ་དེ་བསྐྱར་གསོ་བྱས་པ་ཞིག་ཡིན་པས་ངོས་ལ་དགའ་སྣང་ཆེན་པོ་འདུག  དེ་རིང་ངོས་ནས་བརྗོད་འདོད་པ་གཅིག་ནི་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་། ཚན་རིག་དང་འཕྲུལ་རིགས་སོགས་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཚད་གཞི་མཐོན་པོ་ཞིག་ལ་སླེབས་པ་འདིས་འགྲོ་བ་མི་ལ་ཕན་ཐོགས་གང་འཚམས་ཡོད་རུང་། ཚན་རིག་དང་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་ནང་གི་ཞི་བདེ་དང་བསམ་བློའི་བདེ་སྐྱིད་བསྐྲུན་ཁག་པོ་རེད། དངོས་ཡོད་གནས་ཚུལ་གཅིག་ནས་མཐོང་ཐུབ་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་སོགས་དང་། དེ་བཞིན་ཉི་ཧོང་སོགས་སུ་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཆེན་པོ་ཡོད་རུང་། བསམ་བློ་འཁྲུག་སྡོད་མཁན་དང་སུན་སྣང་སྐྱེ་མཁན། དཀའ་ངལ་མང་པོ་ཞིག་གི་ནང་སྡོད་མཁན་མང་པོ་ཡོད་ལ། ཐབས་སྡུག་པ་གཅིག་ལ་རང་སྲོག་གཅོད་མཁན་ཡོད་ལ་དེང་སྐབས་དེའི་རིགས་མང་དུ་འགྲོ་བཞིན་ཡོད། དེ་བཞིན་ངོས་ལ་འབྱོར་ལྡན་གྱི་གྲོགས་པོ་མང་པོ་ཡོད་ཁོ་ཚོར་ནང་སེམས་ཀྱི་དཀའ་ངལ་ཧ་ཅང་མང་པོ་འདུག
དེས་ན་དེང་སྐབས་བསམ་བློའི་ཚན་རིག་པས་ནང་བསམ་བློའི་ཞི་བདེ་དེ་ལུས་ཀྱི་བདེ་ཐང་ལ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་འགྲེལ་བརྗོད་བྱེད་འགོ་ཚུགས་ཡོད་པ་རེད། བསམ་བློའི་ཚན་རིག་པ་ཚོས་ནང་གི་ཞི་བདེ་ཡོང་ཐབས་སུ་བསམ་བློའི་ཁྱད་པར་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། དེང་སྐབས་འབྱོར་ལྡན་གྱི་མི་དེ་དག་གིས་བསམ་བློའི་ཞི་བདེ་ཡོང་བའི་ཐབས་ལམ་འཚོལ་གྱི་ཡོད་པ་དང་། དེང་སྐབས་ཨུ་རུ་སུ་ལ་ཆ་མཚོན་ནའང་མི་མང་གི་ཆོས་ལུགས་དང་འབྲེལ་བའི་ནང་བསམ་བློའི་ཞི་བདེའི་རིན་ཐང་དེ་མཐོང་ནས་འབད་བརྩོན་བྱེད་ཀྱི་ཡོད་རེད། སྤྱིའི་ཆ་ནས་ང་ཚོ་སེམས་དང་གཟུགས་ཕུང་ལས་གྲུབ་ཡོད་ཅིང་། ཕྱིའི་དངོས་པོའི་ཡར་རྒྱས་དང་དངུལ་སྒོར་སོགས་ཀྱི་མཐུན་རྐྱེན་དེས་ཕྱིའི་གཟུགས་གཞི་ལ་བདེ་ཐང་སྤྲོད་ཀྱི་ཡོད། རྣ་བས་སྒྲ་སྙན་པོ་རོལ་དབྱངས་སོགས་ཐོས་པ་དང་མིག་གི་མཛེས་སྡུག་གིས་དངོས་པོ་མཐོང་སྐབས་ནང་ལ་ཞི་བདེ་སྐྲུན་གྱི་ཡོད། དེས་ན་ནང་གི་ཞི་བདེ་ནི་བསམ་བློའི་རྨང་གཞིའི་འགྱུར་ལྡོག་རང་ལ་བརྟེན་ནས་ཡོང་དགོས་པ་དང་། ནང་གི་ཞི་བདེ་ནི་སྨན་ཟ་བ་དང་སྨན་བཅོས་བྱེད་པ་ལ་བརྟེན་ནས་ཡོང་ཐབས་མེད་པ་ཞིག་རེད། ཕྱི་དངོས་པོ་ཡར་ཐོན་ཆེ་བའི་ཨ་རི་དང་ཨུ་རུ་སུ་སོགས་སུ་ནང་གི་བདེ་སྐྱིད་ཁབ་དང་སྨན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད་དམ། ངོས་ནས་དེ་འདྲ་ཡོང་ཐབས་ཡོད་མ་རེད་བསམ་གྱི་འདུག་ཅེས་བཞད་མོ་སྦྲགས་ཏེ་གསུངས་སོང།bbbaaaccccc དེ་རིང་གི་གསུང་ཆོས་འདིའི་ཐོག་ཏུ་གཙོ་བོ་ཨུ་རུ་སུའི་ལུང་པ་ཁལ་མིག་དང། ཏུར་ཝ་སོགས་དང། གཞན་ཡང་སོག་པོ་ལ་སོགས་པ་ཕྱི་རྒྱལ་གྱི་མི་རིགས་འདྲ་མིན་དང། ས་གནས་ཀྱི་བོད་མི་སེར་སྐྱ་མང་ཚོགས་བཅས་ཁྱོན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད།།

Share this:
༡༠༧ ཀློག་གྲངས།