སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་རྩོམ།

cimg1607ན་གཞོན་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ་༡༩༩༩ ལོ་ནས་༢༠༠༡ བར་བརྩམས་གནང་མཛད་པའི་བརྩམས་སྒྲུང་རིང་མོ<<གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད>>ཅེས་པ་དེ་སྔ་དངོས་སུ་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང། རྒྱུ་རྐྱེན་གང་མང་ལ་བརྟེན་ནས་པར་སྐྲུན་མ་ཐུབ་རྐྱེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་མུ་འགོད་བྱ་རྒྱུ་རེད་འདུག
བརྩམས་སྒྲུང་དེ་ནི་རྩོམ་པ་པོ་ཁོང་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་སྟེང་གི་དེང་རབས་རིང་ལུགས་ཀྱི་རྩོམ་ཉམས་མངོན་པར་དོད་པའི་སྒྲུང་རིང་དང་པོར་ངོས་འཛིན་གྱི་ཡོད་ལ། སྲོལ་རྒྱུན་གྱི་བརྩམས་སྒྲུང་ལྟར་བྱུང་རིམ་ཀྱག་ཀྱོག་ཆེ་བ་དང་མི་སྣའི་སྣང་བརྙན་གཙིགས་སུ་འཛིན་པ་ཞིག་མིན་པར་སྒྲོམ་གཞི་ལྷོད་ཅིང་ཡུལ་དུས་ཀྱི་བཀག་རྒྱ་མེད་པ་དང་། རྩོམ་པ་པོས་རྟོག་སྣང་དང་ཁ་མཚར་ཀུ་རེ་ཡིས་ཕྱུག་པ། མངོན་སུམ་དང་ལྷ་སྒྲུང་། རང་བྱུང་ཁམས་སོགས་དབྱེར་མེད་དུ་འདྲེས་པ་ཞིག་ཡིན། བརྩམས་སྒྲུང་དེ་ཉིད“མེ་ལྕེའི་ཉིན་ཐོ”དང་། ’’གཏམ་རྒྱུད” “ཡུལ་ལྗོངས” “རྩོམ་པ་པོའི་ཆིག་ལབ” བཅས་ཚན་པ་བཞི་རེས་མོས་སུ་འཁོར་ཏེ་གྲུབ་པ་ཞིག་ཡིན་པས་ཚན་པ་དེ་དག་ཀློག་མཁན་གྱིས་ཞིབ་ཚགས་ངང་རེ་རེ་བཞིན་སྦྲེལ་མ་ཐུབ་ཚེ་རྩོམ་ཧྲིལ་པོ་ཉམས་སུ་མྱོང་བར་བར་ཆད་ཆེན་པོ་ཐེབས་ངེས་པ་ཞིག་ཀྱང་ཡིན་པ་རེད། བརྩམས་སྒྲུང་དེ་ནི་འཇིག་རྟེན་སྟེང་གི་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་སུའང་གྲུབ་ཡོད་པ་རེད་ཅེས་མཆོད་མེ་རྩོམ་རིག་དྲ་བ་ནས་གནས་ཚུལ་སྤེལ་འདུག  །

Share this:
༡༤༡ ཀློག་གྲངས།