ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་ས་གནས་སུ་རྟེན་གཞི་བྱས་པའི་བྱེས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་འཚོགས་ཡོད་པ་རེད།

unnamedདེ་ཡང་ཟླ་འདིའི་ཚེས་༥ ཉིན་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་པ་དང་།  ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་ཆེད་བློ་གསལ་གླིང་གཙུག་ལག་ཁང་གསར་པའི་ནང་དུ་དགེ་འདུན་འདུས་མང་ཡོངས་ནས་ཞབས་རིམ་གསོལ་སྒྲུབ་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་མཛད་སྒོའི་ཐོག་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་།  མཁན་ཟུར་རྣམ་པ།  བླ་སྤྲུལ་རྣམ་པ།  སྦག་སའི་གནས་བརྟན་བགྲེས་སོང་རྣམ་པ།  དཔེ་ཁྲིད་དགེ་རྒན་རྣམ་པ།  ཁམས་ཚན་ཁག་གི་སྐུ་ཚབ་རྣམ་པ་སོགས་འདུ་འཛོམས་ཀྱིས་ཐོག་མར་ཞབས་བརྟན་གསོལ་འདེབས་འདོན་མུར།  གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་།  unnamed1བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་དང་།  དེ་ནས་རིམ་བཞིན་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ཞུས་གྲུབ་རྗེས་འཁྲུངས་སྐར་མཛད་སྒོ་ལེགས་པར་གྲོལ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།

Share this:
༣༩༠ ཀློག་གྲངས།