འོས་བསྡུའི་དེབ་སྐྱེལ་གྱི་གོ་སྐབས་གསར་པ།

ཟླ་འདིའི་ཚེས་༦ ཉིན་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། འོས་འཕེན་པའི་མིང་གཞུང་དེབ་འགོད་དུས་ཚོད་གསར་པ་བཟོས་ཡོད་པ་དང་། དེབ་སྐྱེལ་གྱི་དུས་ཚེས་༢༠༡༥ ལོའི་ཕྱི་ཟླ་༡༡ ཚེས་༦ ནས་༢༠༡༦ ལོའི་ཕྱི་ཟླ་༢ ཚེས་༢༠ བར་ཡིན་པ་རེད།

ཟླ་འདིའི་ཚེས་༦ ཉིན་དབུས་འོས་བསྡུ་ལས་ཁུངས་ནས་ས་གནས་འོས་བསྡུ་ལས་ཁང་ཁག་ལ་བཀོད་ཁྱབ་ཅིག་བཏང་བའི་ནང་འཁོད་དོན། “བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ཀྱི་འོས་འཕེན་པའི་མིང་གཞུང་དེབ་ སྐྱེལ་སྒྲིག་གསལ་ཆ་ཚང་ཟིན་པ་དང། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཡང་ལེགས་གྲུབ་བྱུང་ཡོད། འོན་ཀྱང་ས་གནས་མང་པོ་ཞིག་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་ཁྱབ་ཁོངས་ས་ གནས་སུ་དེ་སྔ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་ཞུ་མ་ཐུབ་དང་། རང་ལོ་ ༡༨ ཧྲིལ་པོ་ལོན་པ་རེ་ཟུང་འདུག་པ་དེབ་སྐྱེལ་བྱ་རྒྱུའི་དུས་ཚོད་འཕར་མ་ཞིག་གནང་སྐྱོང་ཞུ་མཁན་ཡོང་འདུག་པ་དེ་དག་གི་ཆེད་སླར་ཡང་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་དུས་ཚོད་གཉིས་པ་ཞིག་འབུལ་རྒྱུ་དགེ་མཚན་ལ་དགོངས་ཏེ་གཤམ་གསལ་ལྟར་གཏན་འབེབས་ཞུས་པ་ཡིན་ཞེས་”འཁོད་འདུག

གཏན་འབེབས་དང་པོ། “༡༽ དངོས་གཞིའི་འོས་བསྡུའི་ཆེན་མོའི་དུས་ཚེས་ལས་རིམ་ལྟར་ ༢༠༡༦།༠༣།༢༠ ཉིན་ཡིན་པ་དེའི་ཉིན་བོད་ཀྱི་ཆབ་འབངས་སུ་ཞིག་རང་ལོ་ ༡༨ ཧྲིལ་པོ་ལོན་གྱི་ཡོད་པ་དང། ཡང་དེ་སྔོན་འོས་འཕེན་པའི་མིང་གཞུང་དེབ་བསྐྱེལ་མ་ཐུབ་པ་ཡོད་རིགས། དེ་དག་གིས་སོ་སོའི་ཕྱི་ལོ་ ༢༠༡༥ ལོའི་དཔྱ་ཁྲལ་འབུལ་འབབ་ཆ་ཚང་ཕུལ་ཟིན་ཡོད་མེད་ཞིབ་རྒྱུ།
༢༽ ས་གནས་འོས་བསྡུའི་འགན་འཛིན་གྱིས་ཁྱབ་ཁོངས་ཡོངས་ལ་འོས་འཕེན་པའི་མིང་གཞུང་དེབ་སྐྱེལ་བྱ་རྒྱུའི་གོ་སྐབས་གཉིས་པ་དགོངས་བཞེས་གནང་སྐོར་དང་།   ཁྱབ་ཁོངས་མི་མང་འོས་འཕེན་དེབ་འགོད་ཆ་རྐྱེན་ཚང་བ་ཡོད་རིགས་ནས་དེབ་སྐྱེལ་བྱེད་དགོས་པའི་བརྡ་ཁྱབ་མ་ལེན་མ་འགྱོད་མེད་པ་ཁུངས་སོ་སོ་ནས་འགན་འཁུར་གྱིས་འཐུས་ཚང་ཞུ་དགོས་རྒྱུ།
༣༽ ས་གནས་སོ་སོའི་ཁོངས་སུ་འོས་འཕེན་པའི་དེབ་སྐྱེལ་གསར་པ་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་འདྲེས་མེད་ཇི་བྱུང་གི་གྲངས་ཐོ་ཁ་གསལ་སྙིང་བསྡུས་ཤིག་འདི་གར་གང་སྔ་གློག་འཕྲིན་སོགས་བརྒྱུད་སྙན་གསན་ཞུ་དགོས་རྒྱུ། ཞིབ་ཆའི་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟུར་འཛར་ (ཀ) ནང་གསལ་ལྟར་ཐོབ་ཁུངས་བཅས་ཆ་ཚང་འཛོལ་མེད་ཞིབ་བཀང་གིས་ ༢༠༡༦།༠༢།༢༨ འགྱངས་མེད་འབུལ་འཐུས་བཅས་ཀྱི་གསལ་བསྒྲགས་སུ་”ཞེས་འཁོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།

Share this:
༣༧ ཀློག་གྲངས།