ཆབ་སྲིད་བཙོན་པ་དབྱངས་སྐྱིད་སྒྲོལ་མ་ལགས་འདས་གྲོངས།

༢༠༠༨ ལོ་ནས་བོད་ས་ཡོངས་སུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་སྔར་ལས་ཤུགས་ཆེ་རུ་སོང་བ་དང། ༢༠༠༩ ལོའི་ཕྱི་ཟླ་༣ ཚེས་༢༤ ཉིན་གྱི་ཕྱི་དྲོ་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང། ཆོས་ལུགས་དད་པ་རང་མོས་དགོས་སྐོར་གྱི་འབོད་ཚིག་བསྒྲགས་ཏེ། ངོ་རྒོལ་བྱེད་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་རྡུང་རྡེག་ཚད་མེད་བཏང་ནས་ཤི་གསོན་གང་ཡིན་མི་ཤེས་པའི་གནས་སུ་བསྐྱལ་རྗེས་བཙོན་འཇུག་བྱས་ཡོད་པ་རེད། དེ་རྗེས་ཉེ་རྟོག་པས་བཙུན་མའི་སྡོད་ཁང་ཡོངས་རྫོགས་སྔོག་བཤེར་དང། ནང་མི་ལ་དཀའ་ངལ་བཟོས་པ་སོགས་མི་མང་ལ་དམ་དྲག་གི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༨ པའི་ཚེས་༢༤ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་དུ་དབྱངས་སྐྱིད་སྒྲོལ་མ་ལགས་རྩིས་སྤྲོད་བྱས་ཡོད་ནའང། ཁྲིམས་ཐག་ག་རེ་བཅད་ཡོད་མེད་གསལ་ཁ་གང་ཡང་བཏོན་མེད་པ་དང། ཟླ་འདིའི་ཚེས་༥ མཚན་མོ་འདས་གྲོངས་སུ་སོང་ཡོད་འདུག candlelight vilgil for yangkyi dolma1
བོད་ནང་དུ་ཆབ་སྲིད་ཀྱི་ཉེས་མིང་འོག་བོད་མི་འཛིན་བཟུང་བཙོན་འཇུག་དང། དམར་གསོད་གང་མང་གཏོང་གི་ཡོད་པ་དང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་བ་སྨོན་ལམ་འཚོགས་པ་དང། རྒྱ་ནག་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་པ་སོགས་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ་དང། ཟླ་འདིའི་ཚེས་༧ གྱི་དགོང་མོར་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བུད་མེད་མེད་ལྷན་ཚོགས་དང། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དྷ་ས་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བཙུན་མ་དབྱངས་སྐྱིད་སྒྲོལ་མ་གཙོས་བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་རང་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

Share this:
༡༨༥ ཀློག་གྲངས།