ཡང་ལི་ཐང་དཔའ་བོའི་ཞི་རྒོལ་ཞིག་


ཁམས་ལི་ཐང་ཕྱོགས་ནས་ཡིན་པ་ཉག་ཆུ་རྗོང་གི་ཁོངས་སུ་ཡོད་པའི་མགོ་ལོག་དང་ཨོི་ཐོག་ནས་ཡིན་པའི་བོད་མི་ཁག་ཅིག་བདུན་ཕྲག་གཅིག་གི་གོང་དུ་རྒྱ་ནག་གིས་ཡོན་རིང་འཛིན་བཟུང་བཀག་ཉར་འོག་ཡོད་པའི་སྤྲུ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་མཇལ་བར་ཕྱིན་ཏེ། ཕྱིེ་ལོག་སྐབས་ཁོང་ཚོའི་ཁྲོད་གྱི་བོད་མི་ཁག་གཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། བཅར་བརྡུང་ཚད་མེད་བཏང་ཡོད་འདུག་ ཅེས་བོད་ཀྱི་དྲ་་གནས་ཁག་གཅིག་ཏུ་གནས་ཚུལ་སྤེལ་ཡོད་འདུག་ཀྱང་ ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༨ཉིན་སྤེལ་གསལ་ལྟར་ན་གཞན་ཡང་ཟླ་འདིའི་ཚེས་༥ཉིན་ཁམས་ལི་ཐང་དང་མགོ་ལོག་ཨོ་ཐོག་བཅས་ནས་ངོ་ཚབ་ འཐུས་མི་༦༠ཁྲི་ཏུང་དུ་ཞུ་གཏུགས་ཆེད་ཕེབས་པ་རྣམས་ཀྱིས་མུ་མཐུད་ནས་ཞུ་གཏུགས་ བྱེད་བཞིན་ཡོད་པ་ལས། འཇུ་བཟུང་བྱས་ཡོད་པ་མ་རེད། འོན་ཀྱང་གསར་ཁང་ཁག་ཅིག་གིས་ཞུ་གཏུགས་བྱེད་མཁན་མི་༦༠དེ་ཚོ་འཛིན་བཟུང་བྱས་ ཡོད་པའི་སྐོར་གནས་ཚུལ་གསལ་ཁ་མེད་པ་དེ་འདྲ་ཕྱིར་བསྒྲགས་བྱས་ཡོད་པར་བརྟེན་ ཞུགས་གཏུགས་དེར་གནོད་སྐྱོན་ཕོག་རྒྱུར་ཉེན་ཁ་ཆེན་པོ་ཡོད་ལུགས་གནས་ཚུལ་མཁོད་སྤྲོད་གནང་མཁན་ནས་འགྲེལ་བརྗོད་གནང་སོང་ཅེས་འཁོད་འདུག་།། གང་ལྟར་དེ་དུས་མགོ་ལོག་ས་གནས་བོད་མི་རྣམས་མ་ཎི་དུང་སྒྲུབ་ཚོགས་བཞིན་པའི་ཆོས་ཕྱོགས་གྱི་འདུ་འཛོམ་ཞིག་གི་སྐབས་ཡིན་ལ། གཟའ་སྤེན་པར་ཉིན་མགོ་ལོག་སྟོད་པ་ནས་ཡིན་པའི་བོད་མི་༧༠བརྒལ་བར་ཞིག་སྦག་སྦག་ཞོན་ཏེ་ཉག་ཆུ་རྫོངས་ཐོག་ཏུ་འགྲོ་དུས་ལམ་བར་ ཉེར་རྟོག་པས་བཀག་ཏེ་འདི་ནས་འགྲོ་ན་སྲོག་ལ་ཉེས་ཁ་ཡོད་ཚུལ་སོགས་འཇིག་སྐུལ་བྱས་ཡོད་འདུག་ཀྱང་བོད་མི་དེ་རྣམས་ཀྱི་རིན་པོ་ཆེ་མཆོག་གི་གནས་ཚུལ་གསལ་པོ་མ་བཟོ་ན་ང་ཚོ་ཤི་ན་འགྱོད་པ་མེད་ཟེར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་། དེས་རྗེས་ཨོ་ཐོག་ནས་བོད་མི་གང་མང་ཞིག་འབྱོར་འདུག་ལ། གློ་བུར་དུ་རྒྱ་གཞུང་ནས་དམག་མི་འཕར་སྣོད་བཏང་བ་དང་ཉེར་རྟོག་པས་བོད་མི་ཚོར་གཅར་རྡུང་ཤུགས་ཆེན་བཏང་སྟེ་ལམ་ཁ་ཡོངས་ལ་ཁྲག་གིས་ཁེངས་ཡོད་འདུག་ལ་ ད་དུང་མང་པོ་ཞིག་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག རྒྱ་ནག་གཞུང་གིས་ཞི་རྒོལ་བ་དེ་ཚོའི་སྦག་སྦག་དང་གྱོན་གོས་མང་པོ་ཞིག་དྲག་ཆས་ དམག་མིས་བཙན་འཕྲོག་བྱས་ནས་རླངས་འཁོར་ནང་བླུགས་ནས་འཁྱེར་ཡོད་འདུག དེའི་ཕྱིར་ཉིན་རྒྱ་གཞུང་ནས་དམག་མི་ཧ་ཀྱང་མང་པོ་འཕར་སྣོད་བཏང་ཏེ་ཉག་ཆུ་རྫོང་ཐོག་ཏུ་འགྲོ་བའི་ལམ་ཁ་ཡོངས་བཀག་ཡོད་འདུག་ཀྱང་བོད་མི་རྣམས་རི་བོ་སོགས་སུ་འགྲིམ་ཏེ་ཉག་ཆུ་རྫོང་ཐོག་ཏུ་འབྱེར་ཏེ་ས་གནས་བོད་མི་ཆིག་སྟིང་བརྒལ་བ་ཞིག་འདུ་འཛོམས་ཐོག་རིན་པོ་ཆེ་མཆོག་གློད་བཀྲོལ་གཏོང་དགོས་ཟེར་བ་སོགས་ངོར་རྒོལ་སྐད་འབོད་ཤུགས་ཆེན་རྒྱབ་ཡོད་འདུག། དེས་སྐབས་རྒྱ་གཞུང་གི་བོད་མི་རྣམས་མུས་འཐུས་འཛིན་བཟུང་བྱས་བཞིན་པའི་སྐོར་གནས་སྟངས་དངོས་སུ་མཐོང་མྱོང་མཁན་ཞིག་གིས་ཕྱི་ཕྱོགས་སུ་གནས་ཚུལ་ངོ་སྤྲོད་བྱས་དོན་ད་ལྟ་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་པའི་བོད་མི་དེ་ནས་ཁོའི་ངོ་ཤེས་པའི་བོད་མི་ཚེ་རིང་དོན་འགྲུབ་ གདུག་དཀར་ཚེ་རིང་ ལུག་རྫི་ཨ་སྡེ་ རྡོ་རྗེ་མཁས་གྲུབ་ དགའ་བ་ཚེ་རིང་ དབང་འདུས་བཅས་བོད་མི་དགུ་བཅུ་བརྒལ་བ་ཞིག་འཛིན་བཟུང་བྱས་ཡོད་འདུག་ཟེར། གནས་ཚུལ་འདི་དང་འབྲེལ་བ་ཞིག་ལ 

Share this:
༨༣ ཀློག་གྲངས།