བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས།

ཟླ་འདིའི་ཚེས་༡༠ ཉིན་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

ghjghjyསྐབས་དེར་བྱིལ་བུ་ཆུང་ཆུང་ཞིག་གི་ནང་བུ་མོ་ཞིག་བཅུག་སྟེ། རྒྱ་ནག་གི་བཙོན་ཁང་ནང་བོད་མིའི་ཆབ་སྲིད་བཙན་པའི་གནས་སྟངས་མཚོན་ཐབས་བྱས་ཡོད་པ་དང་། བཙོན་པ་གློད་གྲོལ་ཆེད་དུ་མི་མང་ལ་མཚན་རྟགས་བསྡུ་རུབ་བྱས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷས་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་དོན། ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་༢༡༡༤ ཡོད་པ་གློད་གྲོལ་ཡོང་ཐབས་དང་། མཁན་པོ་དཀར་ཚེ་བཙོན་འཇུག་བྱས་ནས་ལོ་གཉིས་འགྲོ་ཡི་ཡོད་པ་རེད། ལོ་རྗེས་མར་ཁོང་གློད་གྲོལ་གྱི་དུས་ཚོད་ཡིན་པས། དམིགས་བསལ་ཁོང་གློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་གྱི་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་མེད་ཟེར་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ཧམ་བཤད་ཅིག་ཡིན་པས། རྒྱ་ནག་གིས་རྫུན་མ་བཤད་པ་དེ་བདེན་པའི་ར་སྤྲོད་ཡོང་ཐབས་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཐོག་ནས་འགོ་ཁྲིད་ཚོས་བོད་ནང་རྟོག་ཞིབ་བྱས་ཏེ། བོད་ནང་གི་གནས་སྟངས་ཤེས་ཐབས་དགོས་པའི་ལས་འགན་ཞིག་ཀྱང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་།

དེ་བཞིན་ཨ་རི་ནེའུ་ཡོག་ཏུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།།

གསར་འགོད་ཆོས་ཉིད་ཟེར་གྱིས།

 

Share this:
༡༢ ཀློག་གྲངས།