མའོ་ཙེ་ཏུང་གི་འཕྲིན་ཡིག་རིན་སྤར་ཚོང་བསྒྱུར།

རྒྱ་ནག་དམར་ཤོག་ཚོགས་པ་འགོ་འཛུགས་མཁན་དང་འཛམ་གླིང་ལོ་རྒྱུུས་ནང་སྲིད་དབང་སྒེར་འཛིན་པའི་ཁྲོད་མི་མང་ཤོས་གསོད་མཁན་མའོ་ཙེ་ཏུང་གིས་བཏང་བའི་ཡི་གེ་ཞིག་རིན་སྤར་ཚོང་བསྒྱུར་ལ། གོང་ཚད་ཨ་སྒོར་འབུམ་དགུ་དང་གཅིག་ཁྲི་བརྒྱད་སྟོང་(༩༡༨,༠༠༠༠) ཁུག་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་དབྱིན་ཡུལ་གྱི་རྒྱལ་སར་རིན་སྤར་ཚོང་བསྒྱུར་ཞིག་ལ། ཕྱི་ལོ་༡༩༣༧ ལོར་མའོ་ཙེ་ཏུང་གིས་དབྱིན་ཡུལ་ངལ་རྩོལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ལ་ཨེཊེ་ལིས་(Atlee)ལ་བཏང་བའི་ཡི་གེ་ཞིག་ལ་ཧང་སང་དགོས་པའི་རིན་གོང་ཐོག་བཙོང་ཡོད་འདུག ཡི་གེ་དའི་ནང་མའོ་ཡིས་ཨེཊེ་ལིས་ལ་དབྱིན་ཡུལ་གྱིས་རྒྱ་ནག་ལ་ཉི་ཧོང་དང་དམག་ཐབས་བྱེད་པར་རོགས་སྐྱོར་དགོས་པའི་སྐོར་བྲིས་ཡོད་འདུག
རིན་སྡུར་ཚོང་སྒྱུར་པ་སུ་ཋེ་བྷའི་(Sotheby) ཡིས་ལོ་རྒྱུས་ཐོག་གལ་ཆེ་བའི་ཡི་གེ་དེ་ནི་མའོ་ཡིས་མིང་རྟགས་འཁོད་ཡོད་པའི་ཡིག་ཆ་གཉིས་པ་ཡིན་པ་དང། ཐོག་མར་ཚོད་དཔག་ཨ་སྒོར་འབུམ་གཅིག་ནས་འབུམ་གཅིག་དང་ཁྲི་ལྔ་ལ་བྱས་ཀྱང། རིན་གོང་དེ་ལས་མཐོ་བར་ཁུག་བ་དང། ཡི་གེ་དེ་ཡང་རྒྱ་མི་ཞིག་གིས་ཉོས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༡ ཀློག་གྲངས།