རྒྱ་ནག་གིས་ཨ་རི་དང་ཐའེ་ཝན་བར་གྱི་གོ་མཚོན་ཚོང་འབྲེལ་ལ་ངོ་རྒོལ།

ཨ་རི་དང་ཐའེ་ཝན་བར་གྱི་ལོ་བཞིའི་ནང་གི་གོ་མཚོན་ཚོང་ལས་ཐེངས་དང་པོར། ཨ་སྒོར་ཁྲག་ཁྲིག་༡.༨༣ ཙམ་གྱི་ཚོང་འབྲེལ་རིན་ཐང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་མི་སྣ་སྐད་བཏང་ནས་ཨ་རིས་ཐའེ་ཝན་ལ་དམག་གྲུ་གཉིས་བཙོང་རྒྱུ་ཡིན་པར་ངོ་རྒོལ་བྱས་འདུག

12347845_10རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་གཞོན་པ་ཀྲེང་ཀྲི་གུང་གིས་“ཐའེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པས། ཨ་རིས་གོ་མཚོན་བཙོང་བར་ངོ་རྒོལ་ཡོད་”ཅེས་ཨ་རིའི་གཞུང་ཚབ་ལ་བརྗོད་ཡོད་འདུག

ཚོང་འབྲེལ་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཉིན་སུམ་ཅུའི་ནང་ཚུན་བཀག་འགོག་མ་བྱས་ཚེ་བཀའ་ཁྲོལ་ཐོབ་རྒྱུ་ཡིན་འདུག་པ་དང། ཆབ་སྲིད་དཔྱད་བརྗོད་པ་མང་པོས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོར་དྲག་པོའི་སྒྲིག་འཛུགས་འཛུགས་བཞིན་ཁར། ཐའེ་ཝན་ལ་རང་སྲུང་གི་གོ་མཚོན་དགོས་ངེས་ཆེ་བས། ཨ་རིའི་གྲོས་ཚོགས་ནས་ཚོང་འབྲེལ་དེར་དགག་པ་བྱེད་རྒྱུ་ཁག་པོ་ཡིན་པར་འགྲེལ་བརྗོད་བྱས་འདུག

ཨ་རིའི་གཞུང་གིས་ཚོང་འབྲེལ་དེ་ནི་ཕྱི་ལོ་༡༩༧༩ ལོར་བཞག་པའི་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་ལམ་ཁྲིམས་ཡིག་དང་མཐུན་གྱི་ཡོད་པ་དང། དེའི་ནང་ཐའེ་ཝན་ལ་རང་སྲུང་ཆེད་ཨ་རིས་གོ་མཚོན་བཙོང་དགོས་པ་བཀོད་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག

ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཐའེ་ཝན་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ལོ་མང་ནང་ཐེངས་དང་པོར་ཐུག་འཕྲད་བྱས་ཡོད་ཀྱང། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་པའི་རྣམ་པ་ད་བར་ཐོན་མེད་ཁར། ཐའེ་ཝན་མི་མང་གིས་རྒྱ་གཞུང་ལ་ཡིད་ཆེས་མེད་ཁར། རྒྱ་གཞུང་གིས་ཐའེ་ཝན་གྱི་རང་བཙན་གཙང་མའི་མངོན་འདོད་ལ་འདོད་པ་མེད་པས། གལ་ཏེ་དེ་ལྟར་བྱུང་ཚེ་དྲག་པོའི་ཐོག་ནས་ཁ་གཏད་གཅོག་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༤ ཀློག་གྲངས།