རྒྱལ་བའི་བཀའ་བསྟན་གཉིས་ཀྱི་གཙོས་གསུང་རབ་དག་ཆོས་སྦྱིན།

གསལ་བསྒྲགས།

༑  རིས་མེད་དགོན་སྡེ་དང་དཔེ་མཛོད་ཁང་བཤད་གྲྭ་ཁག་གི་དབུ་ཁྲིད་རྣམས་གཙོའི་སེར་སྐྱ་མི་དམངས་ཡོངས་ལ་ཆེད་ཞུ།
སྔར་སྲོལ་ལྟར་སྔ་འགྱུར་སྨོན་ལམ་ཆེན་མོ་ཚོགས་པའི་སྐབས་དང་བསྟུན་ནས་འདིར་ཡེ་ཤེས་སྡེའི་ཆོས་པར་ཁང་ནས་རྒྱལ་བའི་བཀའ་བསྟན་གཉིས་ཀྱི་གཙོས་གསུང་རབ་དག་ཆོས་སྦྱིན་དུ་འབུལ་བཞིན་པ་ལྟར། སྤྱི་ལོ་༢༠༡༦ ལོར་ཆོས་སྦྱིན་དུ་འབུལ་རྒྱུའི་གསུངས་རབ་དག་ལས།
ཀུན་མཁྱེན་ཀློང་ཆེན་པོའི་གསུང་འབུམ་དཔེ་དེབ་གྲངས(19)། འཇམ་མགོན་བླ་མ་མི་ཕམ་བཀའ་འབུམ་དཔེ་དེབ་གྲངས(31)།
རྒྱུད་བཅུ་བདུན་ལ་དཔེ་དེབ་གྲངས(4)། ཀུན་ཏུ་བཙང་པོ་ཀློང་དྲུག་གི་རྒྱུད་ཀྱི་འགྲེལ་བ་ལ་དཔེ་གྲངས(1)།
རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་ལ་དཔེ་དེབ་གྲངས(2)། ཀུན་བྱེད་རྒྱལ་པོའི་རྒྱུད་ལ་དཔེ་དེབ་གྲངས(3)།
མཁན་སློབ་ཆོས་གསུམ་གྱི་གཞུང་ལུགས་རོལ་མཚོ་མཚན་བརྗོད་འགྲེལ་བ་ལ་དཔེ་དེབ་གྲངས(3)།
བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ཀྱི་སྐོར་ལ། བོད་བཙན་པོའི་རaaགཡལ་རབས། སྦ་བཞེད། དེབ་ཐེར་དམར་པོ། རྒྱལ་རབས་དེབ་ཐེར་དཀར་པོ། ཆོས་འབྱུང་པདྨ་རཱ་གའི་དོ་ཤལ་གཞོན་ནུ་དགྱེས་པའི་མགུལ་རྒྱན། དེབ་ཐེར་སྔོན་པོ། ཏཱ་ར་ན་ཐཱའི་ཆོས་འབྱུང་དང་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་བཅས་བསྡོམས་དཔེ་དེབ་གྲངས(5)།
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བ། དཀོན་མཆོག་གསུམ་གྱི་རྣམ་པར་གཞག་པ་མདོར་བསྡུས་སུ་བརྗོད་པ་དད་པའི་རླབས་ཕྲེང་རྣམ་པར་གཡོ་བའི་ཆུ་གཏེར། དཀོན་མཆོག་གསུམ་དང་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་གཏམ་རྒྱུད་སྣ་ཚོགས་མདོ་ལས་གསུངས་པའི་དོན་སྙིང་པོ་བསྡུས་པ་ཡང་དག་བགྲོད་པའི་ཐེམ་སྐས། སེམས་དཔའ་ཆེན་པོ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་མཛད་པའི་འཇིགས་མེད་རྒྱལ་བའི་མྱུ་གུའི་རྣམ་ཐར། ཐུགས་དམ་ཞལ་འདོན་ཟབ་མོ་ཕྱོགས་བསྡུས། གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་དང་སྤྱོད་འཇུག་སྐོར། བྱང་ཆུབ་ལམ་རིམ་དང་དྲངས་ངེས་ལེགས་བཤད་སྙིང་པོ།
གཞན་ཡང་སྐུ་རྙིང་བྱིན་རླབས་ཅན་དག་ལས་འདྲ་བཤུས་བྱས་པའི་སྟོན་པ་བཅོམ་ལྡན་འདས། འཇམ་དཔལ་དབྱངས་དང་སྒྲོལ་མའི་གསེར་སྐུ་ལི་མ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གཟུངས་གཞུགས་ཅན་རྣམས་ཆོས་སྦྱིན་ཆེད་དུ་འབུལ་རྒྱུ་ལགས་ན། དད་ལྡན་དག་གིས་ངོས་སྦྱོར་ཡིག་ཆ་དང་སྙན་ཞུ་ཡིག་ཆ་རེ་བསྣམས་ནས་ཕེབས་རོགས་ཞུ།།
སྤྱི་ལོ་༢༠༡༥ ཟླ་༡༢ ཚེས་༡༡ ལ་ཡེ་ཤེས་སྡེའི་ཆོས་པར་ཁང་ནས།
འབྲེལ་བ་བྱ་ཡུལ་གྱི་ཁ་པར་ཨང་གྲངས། (0091+8105725665-7760174037)

Share this:
༣༡༧ ཀློག་གྲངས།