བོད་མདོ་སྨད་མཛོད་དགེ་ནས་ཞི་རྒོལ་བ་ཞིག་འཇུ་བཟུང་།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བཀྲ་ཤིས་དོན་འགྲུབ་ཞེས་པའི་ཕོ་སར་ཞིག་གིས་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་ཏེ། ༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་ཞི་རྒོལ་གོམ་བགྲོད་བྱས་ཡོད་འདུག
ཁོང་གིས་ཞི་རྒོལ་གོམ་བགྲོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་ཡིན་པའི་གནས་ཚུལ་འདུག་ཀྱང་། ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

ཞི་རྒོལ་སྐབས་ཀྱི་བརྙན་འཕྲི་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་སུ་སླེབས་པ།
https://www.facebook.com/lhasetsang/videos/862348037196591/?pnref=story

Share this:
༣༨ ཀློག་གྲངས།