ཆུ་སྒང་དབུས་རྒྱུན་ཚོགས་ཐེངས་དྲུག་པ།

ཟླ་འདིའི་ཚེས་༧ ནས་ཉིན་གསུམ་རིང་ཆུ་སྒང་དབུས་རྒྱུན་ཚོགས་འདུ་ཐེངས་༦ པ་དེ་ལྡི་ལི་དབུས་ལས་ཁུངས་སུ་འཚོགས་ཡོད་པ་རེད།

12443512_102དེའང་ཚོགས་ཐེངས་འདིར་ཉིན་དང་པོར་དྲུང་ཆེ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ལས་རིམ་སྒྲོགས་སྦྱང་དང་འབྲེལ་སྔ་འགྱུར་རྙིང་མའི་དབུ་འཛིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། བྱ་བྲལ་རིན་པོ་ཆེ་རྣམ་པ་གཉིས་ཉེ་ཆར་སྐུ་གཤེགས་པར་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད་པ་རེད།

ཚོགས་གཙོས་ཚོགས་ཐེངས་༦ པ་གཙོ་སྐྱོང་ཐོག་དབུས་ལས་ཁུངས་དང་། དྲུང་གཞོན་ངག་དབང་ཐར་པས་དྷ་སའི་ཡན་ལག་ལས་ཁུངས་བཅས་ཀྱི་འདས་པའི་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་ཞུས་པ་དང་། དེ་དག་ལ་རྒྱུན་ལས་ལྷན་རྒྱས་ཀྱིས་དོགས་འདྲི་དང་བགྲོ་གླེང་བྱས་ཡོད་པ་རེད། དེ་བཞིན་བྱེད་བཞིན་པའི་ལས་གཞི་ཁག་ཅིག་ལ་སྐྱར་ཞིབ་དང་། རྒན་རབས་ ༡༠༠ ཡི་འཚོ་སྣོན། མཐོ་རིམ་སློབ་མ་དག་གི་སློབ་ཡོན། འདི་ལོར་གསར་གཏོད་བྱས་པའི་དམིགས་བསལ་བོད་ཡིག་གི་ལམ་ནས་མཐོ་སློབ་འགྲོ་མཁན་གྱི་སློབ་མ་ ༥ བཅས་ལ་འདི་ལོར་ཇི་ལྟར་སློབ་ཡོན་འབུལ་འགོ་འཛུགས་ཕྱོགས། དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་གནང་རྒྱུ་ལ་ཇི་ལྟར་དབུ་འོག་དཔུང་འདེགས་ཞུ་ཕྱོགས། ཆུ་སྒང་རྒན་གསོ་ཁང་དང་། རིག་གནས་སློབ་གྲྭ་བཅས་ཇི་ལྟར་ཚགས་ཚུད་གནང་ཕྱོགས། གཤམ་འོག་ལས་བྱེད་ཚོའི་འཚོ་ཐབས་ལ་རྒྱུས་ལོན་དང་སྦྲགས་ཟླ་གླ་སྤར་བའམ་མཐུན་འགྱུར་གཞན་ཞུ་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད།།

Share this:
༡༢༡ ཀློག་གྲངས།