སློབ་མའི་རྒན་ཁོགས་ལ་ཞབས་ཞུའི་ལས་འགུལ།

༢༠༡༥ ལོའི་སློབ་གྲྭའི་དགུན་ཁའི་གུང་སེང་དང་སྟབས་བསྟུན། བོད་ཁྱིམ་སུ་ཇཱ་སློབ་གྲྭའི་སློབ་མ་ཁག་ཅིག་གིས་“རྗེས་དྲན་དང་བླངས་ཚོགས་”ཟེར་བ་ཟུར་འཛུགས་བྱས་ཏེ། ཉིན་ཉི་ཤུ་ལྷག་རིང་ལ་བོད་མིའི་དགེ་གསོ་ཁང་ཁག་ཅིག་ཏུ་གཙང་བཟོ་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

6789kjjཟླ་འདིའི་ཚེས་༡༡ ཉིན་སློབ་མའི་ཚོགས་པ་དེའི་ཚོགས་མི་བཀྲ་ཤིས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་དགུན་ཁའི་གུང་གསེང་གི་སྐབས་དང་བསྟུན་ནས་བཀའ་དྲིན་བསམ་ཤེས་དང་རང་ལས་གཅེས་ཀྱི་བསམ་པ་སྙིང་ལ་བཅངས་ནས། བོད་ཁྱིམ་སུ་ཇཱ་སློབ་གྲྭའི་རྗེས་དྲན་དང་བླངས་ཚོགས་མིའི་སློབ་ཕྲུག་ཁ་ཤས་ཀྱིས་ས་གནས་ཉེ་འཁོར་གྱི་རྒན་གསོ་ཁང་དང་། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་རྒན་གསོ་ཁང་རྣམས་སུ་གཞན་ཕན་གྱི་དམིགས་དོན་གཞི་རྩར་བཟུང་ནས། མི་རབས་རྒན་པ་རྣམས་ལ་བཀའ་དྲིན་བསམ་ཤེས་ཀྱི་ཚབ་མཚོན་ཙམ་དང་། འབྱུང་འགྱུར་མི་རབས་གསར་པ་དག་ལ་མིག་དཔེ་གང་ལེགས་བསྐྲུན་ཕྱིར། དེ་བཞིན་༧གོང་ས་མཆོག་གིས་བོད་མིའི་དཀའ་སྡུག་གི་འཁུར་པོ་ནམ་ཡང་མ་ལྷོད་པར་འདི་ལྟར་ཀྱག་ཀྱོག་གི་ལམ་འཕྲང་བརྒྱུད་ནས་ཕེབས་ཏེ་དགུང་གྲངས་བརྒྱད་ཅུར་སོན་པའི་དགའ་སྟོན་གྱི་ལེགས་སྐྱེས་ཤིག་ཏུ་ལས་འགུལ་འདི་བརྩམས་པ་ཡིན་འདུག

ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། རྒན་གསོ་ཁང་དེ་དག་ཏུ་གཙང་བཟོ་བྱས་པ་དང་ཁོང་ཚོའི་དུག་སློག་བཀྲུས་པ། འཕུར་སྣུམ་སོགས་ཉོས་ནས་རྒས་འཁོགས་རྣམ་པའི་གཟུགས་པོ་ལ་བྱུག་པ་དང་། འཕུར་མཉེད་གཏོང་བ། དེ་བཞིན་དབུ་སྐྲ་གཙང་མ་བཟོ་བ་བཅས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

675yggཞབས་ཕྱིའི་ལས་རིམ་དེའི་སྐབས་དཀའ་གང་ཡོད་དང་འགྲོ་གྲོན་ག་འདྲ་བཏང་ཡོད་སྐོར་ལ་གསར་འགོད་པས་བཅར་འདྲི་བྱས་པར། བཀྲ་ཤིས་ཀྱིས། “ལས་ཀ་འདིའི་རིགས་བྱེད་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་རེད། ཡིན་ཡང་འདི་ལོར་གཙོ་བོ་སློབ་གྲྭའི་འགན་འཛིན་ལ་ཆོག་མཆན་ཞུས་པའི་ཐོག་ནས། སློབ་གྲྭའི་ནང་ཁུལ་གྱི་སློབ་པ་དགེ་རྒན་ལས་བྱེད་ཚོར་ཞལ་འདེབས་ཤིག་སློང་ནས་འགོ་བཙུགས་པ་ཡིན་ལ། ལས་ཀ་བྱེད་དུ་འགྲོ་སྐབས་ཀྱང་ཁག་ཅིག་གིས་ལས་དོན་ལ་རྒྱབ་སྐྱོར་ཆེད་ཞལ་འདེབས་གནང་མཁན་དེ་འདྲ་བྱུང་སོང་། རྗེས་སོར་ཡང་མུ་མཐུད་ཚོགས་པ་དེའི་མིང་ཐོག་ནས་ཞབས་ཞུ་ལས་འགུལ་དེ་འདྲ་སྤེལ་ཐབས་བྱེད་རྒྱུ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༢ ཀློག་གྲངས།