ཞི་བདེའི་གཟེངས་རྟགས་དུས་དྲན་ཐོག་༧གོང་ས་མཆོག་ཆིབས་བསྒྱུར།

མཛད་སྒོ་དེའི་ཐོག་བོད་རིགས་སུམ་བརྒྱ་དང་རྒྱ་རིགས་བརྒྱ་ལྷག་ལྷན་འཛོམས་ཐོག་ཚོགས་པ་གོ་སྒྲིག་བྱེད་མཁན་གྱི་སྐུ་ཚབ་རྣམ་པ་དང། རྒྱ་ནག་མང་གཙོ་ཚོགས་པའི་དབུ་ཁྲིད། རྒྱ་ནག་རང་དབང་རིག་གཞུང་མཐུན་ཚོགས་ཀྱི་དབུ་ཁྲིད་བཅས་ནས་ྋགོང་ས་མཆོག་ལ་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་ཕྱི་ལོ་༡༩༨༩ ལོར་རྒྱལ་སྤྱིའི་ནང་མཚན་སྙན་གྲགས་པའི་ནོ་སྤེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྐབས་སྐོར་ལ་བཀའ་སློབ་གནང་དོན། ཞི་བདེའི་གཟེངས་རྟགས་ཕྱི་ལོ་༡༩༨༩ ལོར་ངའི་མིང་ཐོག་ལ་གནང་སྐབས་ང་ཁལ་ལི་ཕོ་ནི་ཡར་ཡོད། དེ་དུས་ཚགས་པར་རྒྱག་མཁན་ཚོས་ངོས་ལ་བསམ་ཚུལ་དང་ཚོར་བ་གང་བྱུང་ངམ།ཞེས་སྐད་ཆ་དྲིས་བྱུང། སྐབས་དེ་དུས་ངོས་ཀྱིས་ཁོང་ཚོར་ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་དགེ་སློང་ཞིག་རེད། དེ་ནས་མཐོ་རུ་དང་དམའ་རུ་འགྲོ་རྒྱུ་གང་ཡང་མེད་ཅེས་བརྗོད་པ་ཡིན། ཡིན་ཡང་ཞི་བདེའི་གཟེངས་རྟགས་དེས་ངོས་ལ་ཚོར་བ་གང་བྱུང་ཞེས་ན། ངོས་ནས་འཚེ་བ་མེད་པའི་ལམ་དང་བྱམས་པ་དང་བརྩེ་བ་དེ་དག་ལ་ཉམས་ལེན་བྱེད་ཀྱི་ཡོད་ལ་མི་གཞན་ལའང་དེ་བརྗོད་ཀྱི་ཡོད། བཟང་པོ་ཞིག་ལ་ངོས་འཛིན་བྱས་པར་བརྟེན་ངོས་རང་དགའ་པོ་བྱུང། དེ་འདྲའི་ཆ་ནས་དངོས་གནས་བྱས་ན་ཞི་བདེའི་གཟེངས་རྟགས་དེ་དོན་གྱི་ཆ་ནས་བཅོམ་ལྡན་འདས་དང་རྒྱ་གར་གྱི་ཞི་བ་ལྷ་ལ་སོགས་པ་ངོས་ནས་ནམ་རྒྱུན་ཉམས་ལེན་བྱ་རྒྱུའི་གཞུང་དེ་དག་མཛད་མཁན་རྣམས་ལ་ཞི་བདེའི་གཟེངས་རྟགས་དེ་དོན་གྱི་དེར་ཐོབ་ཀྱི་ཡོད་པ་རེད་ཅེས་བརྗོད་རྒྱུ་བྱུང༌།
དེ་རིང་ཡང་ངོས་རང་ཚོར་བ་དེ་ག་རང་ལ་བསྡད་ཡོད།ཅེས་བཀའ་སློབ་ཕེབས་ཡོད། ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན། ཞི་བདེའི་གཟེངས་རྟགས་རག་མཁན་གྱི་མི་འདི་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་འགྲོ་ཡི་ཡོད། དང་པོ་བཙན་བྱོལ་བ་ཆགས་རྒྱུ་དེ་ཡང་སོ་སོའི་ལུང་པའི་ནང་ལ་རང་བཞིན་འབྱུང་བའི་གནོད་པ་བྱུང་སྟེ་ང་ཚོ་བཙན་བྱོལ་བ་ཆགས་པ་དེ་འདྲ་མ་རེད། ཡང་ང་ཚོས་ཁྲིམས་འགལ་བྱས་ནས་བཙན་བྱོལ་བ་ཆགས་པ་དེ་འདྲ་ཡང་མ་རེད། གང་ལྟར་ང་ཚོ་བོད་མིར་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཤིག་ལ་དཀའ་ངལ་ཞིག་འཕྲད་དེ་བཅིངས་བགྲོལ་གྱི་མིང་བཟང་པོ་ཆགས་པ་རེད། ཡིན་ཡང་བཅིངས་བགྲོལ་དེ་ཁ་ཤས་ལ་ཕན་ཐོགས་བྱུང་ཡོད་ཀྱང་མང་ཆེ་བ་སྔོན་མ་པཎ་ཆེན་པོ་རིན་པོ་ཆེ་དགོངས་པ་རྫོགས་ཁར་ང་ཚོར་གསུངས་པ་བཞིན་བཅིངས་བགྲོལ་དམག་མི་བོད་ལ་སླེབས་ནས་འཛུགས་སྐྲུན་བྱུང་ཡོད་པ་རེད་མོད། གཏོར་བཤིག་ཕྱིན་པ་ནི་འཛུགས་སྐྲུན་བྱས་པ་ལས་མང་བ་ཆགས་ཡོད་ཅེས་དེ་དུས་པཎ་ཆེན་རིན་པོ་ཆེས་ཡོངས་གྲགས་གསུངས་ཡོད། ཧུའུ་ཡོ་ཕང་གིས་ཀྱང་ཕལ་ཆེར་བརྒྱད་ཅུ་ནང་ལ་ཡིན་པ་ཡོད། ལྷ་སར་སླེབས་སྐབས་དེ་སྔ་རྒྱ་ནག་གིས་ནོར་འཁྲུལ་ཤོར་བ་དེ་དག་ལ་དགོངས་དག་གསུངས་ཡོད། དེར་བརྟེན་ང་ཚོ་རྙོག་གྲ་ཞིག་ཆགས་ཡོད་པ་རེད། བྱས་ཙང་དཀའ་ངལ་འདི་དེ་འདྲ་བྱས་ནས་བཞག་པ་ཡིན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཆ་ནས་ཡིན་ནའང་གང་ལྟར་ཕན་རྒྱུ་མེད། བོད་མི་རིགས་ཀྱི་ཆ་ནས་བཤད་པ་ཡིན་ཡང་སྡུག་བསྔལ་མྱང་དགོས་རྒྱུ་དང་མ་སྐྱིད་པ་ཡོང་དགོས་རྒྱུ་ཞིག་ཆགས་ཀྱི་འདུག དེར་བརྟེན་དཀའ་ངལ་དེ་འབྱུང་བའི་ཐོག་ནས་བྱུང་བ་ཡིན་ན་སྨོན་ལམ་བརྒྱབ་སྟེ་སྡོད་རྒྱུ་མ་གཏོགས་མེད། དེ་མིས་བཟོས་པའི་དཀའ་ངལ་ཡིན་དུས་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་ཞིག་མིན་པར་ང་ཚོས་ཐབས་ཤེས་བྱེད་དགོས་རྒྱུ་ཞིག་རེད། དེ་འདྲ་ཡིན་དུས་བོད་ཀྱི་དཀའ་ངལ་སེལ་རྒྱུར་ཐད་ཀར་ང་ཚོར་འབྲེལ་བ་ཡོད་པ་དེ་རྒྱ་བོད་མི་རིགས་གཉིས་དང་འབྲེལ་བ་ཆགས་ཀྱི་ཡོད།ཅེས་བཀའ་སློབ་ཕེབས་ཡོད།དེ་བཞིན་སྔ་ལོ་བོད་ནང་གི་དོན་རྐྱེན་བྱུང་རྗེས་རྒྱ་ནག་གཞུང་ལ་རེ་བ་གསར་པ་ཞིག་བརྒྱབ་ཡོད་རུང་རྒྱ་གཞུང་ནས་དེ་ལས་ལྡོག་སྟེ་བོད་ནང་དྲག་གནོན་མུ་མཐུད་བྱས་ཡོད་པ་མ་ཟད།
དེ་གའི་མང་ཚོགས་ཁྲོད་འཁྱོག་བཤད་ཀྱིས་དྲིལ་བསྒྲགས་བྱས་ཏེ་བོད་མིར་འཁོན་འཛིན་དང་སྡང་ཟུག་ཆེན་པོ་བཟོས་ཡོད་སྐོར་ཐོག་བཀའ་སློབ་སྩལ་དོན།བྱས་ཙང་དེ་འདྲ་ཡིན་དུས་ན་ནིང་ངོས་ཁེ་ཎ་ཌ་དང་ཨ་རིར་སླེབས་སྐབས་རྒྱ་མི་ངོ་རྒོལ་བྱེད་མཁན་ཁ་ཤས་ཡོང་གི་འདུགངོ་རྒོལ་བྱེད་མཁན་གྱི་གྲས་ཁ་ཤས་རླུང་ཞེ་དྲག་ལངས་འདུགདེ་དག་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱིས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ།བོད་ནང་གི་གནས་ཚུལ་དེ་ལྟ་བུ་ཡོང་རྒྱུ་ནི་ཕྱི་ལོག་ནས་ང་ཚོས་བརྒྱུད་བསྐུལ་བྱས་པ།ང་ཚོས་ཁ་ནས་ཤོད་རྒྱུ་དང་ལག་ལེན་བསྟར་རྒྱུ་དེ་མི་འདྲ་བ་ཞིག་ཡིན་པ་བཤད་ཡོང་སྐབས་དེ་དུས་སྒྲཕྱཐྣཔྱརྟ སྤྱརྣདྲསྤྲྟཔྱཔྲདྲྤཕྲསློབ་གྲྭ་ཆེན་མོར་ངོས་སྐད་ཆ་ཤོད་པར་འགྲོ་སྐབས་རྒྱ་མི་ངོ་རྒོལ་བྱེད་མཁན་ཏོག་ཙམ་འདུག་དེའི་མདུན་ནས་རྒྱ་མི་གཅིག་ རྐང་འཁོར་བཞོན་ནས་འགྲོ་གིས་འདུག་པ་དེས་ངོས་ལ་སྐྱག་རྫུན་མ་ཤོད་ཟེར་གྱི་འདུགབྱས་ཙང་དེ་འདྲ་ཞིག་བསམ་བློའི་ནང་སླེབས་འདུགདེ་འདྲ་ཡིན་དུས་ཨ་རི་དང་ཁེ་ཎ་ཌ་སོགས་གང་སར་ང་ཚོ་རྒྱ་བོད་མཛའ་མཐུན་ཚོགས་པ་འཛུགས་དགོས་ཀྱི་འདུགང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་བྱ་རྒྱུ་དང་ཕན་ཚུན་གནས་ཚུལ་གསལ་པོ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་འདུགདེ་ལྟར་འབོད་སྐུལ་བྱ་རྒྱུ་བྱུང༌།ཁྱེད་རང་ཚོ་ས་གནས་འདིར་ཆ་བཞག་ན།རྒྱ་བོད་མཛའ་མཐུན་ཚོགས་པ་བཙུགས་ཏེ་དེ་རིང་ཐུག་རྒྱུ་བྱུང་བ་རེད།ཅེས་བཀའ་སློབ་སྩལ་ཡོད།དེ་རྗེས་རྒྱ་རིགས་དང་ཕྱི་རྒྱལ་བ་བོད་པའི་གྲོགས་པོ་རྣམས་ལ་འབོད་སྐུལ་མཛད་དོན།ཁྱེད་རང་ཚོས་ད་ལྟ་བར་དུ་འབད་བརྩོན་གནང་བ་དེར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ད་དུང་ཡིན་ཡང་དངོས་སུ་འདི་གར་ཡོད་པ་ཁྱེད་རང་ཚོ་ཕན་ཚུན་གོ་བསྡུར་གྱིས་གནས་ཚུལ་གསལ་པོ་ཤེས་པ་བྱས་ནས་ཁྱེད་རང་ཚོ་བརྒྱུད་ཁྱེད་རང་ཚོའི་གྲོགས་པོ་འདི་ག་ཨོ་སི་ཊོ་ལི་ཡར་ཡོད་པ་ཡིན་ནའང་རེད།ལྷག་པར་སྐམ་ས་ཆེན་པོའི་ནང་ཡོད་པ་དེ་འདྲ་ལ་དངོས་ཡོད་གནས་ཚུལ་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་རྒྱུ་དེ་ག་ཚོད་ཐུབ་ཐུབ་བྱེད་རོགས།ཞེས་འབོད་སྐུལ་བྱ་རྒྱུ་ཡིན།རྒྱ་བོད་གཉིས་ཀར་ཕན་ཐོགས་མེད་པའི་བོད་ཀྱི་དཀའ་ངལ་དེ་སེལ་རྒྱུའི་འགན་ཁུར་རྒྱ་བོད་མི་རིགས་གཉིས་ཀར་ཡོད་པས་ཚང་མས་དེ་ལ་ཐུགས་ཁུར་བཞེས་རོགས་གནང་ཞུ་རྒྱུ་དེ་ཡིན།དེའི་ཐོག་ལ་ང་ཚོའི་གྲོགས་པོ་ཚོས་ཕན་ཚུན་གཉིས་ཀའི་དགོངས་པར་འཇགས་རོགས་ཞུ་རྒྱུ་དང་ཐག་ཉེ་རུ་འགྲོ་རྒྱུའི་ཐབས་ཤེས་གནང་རྒྱུ་དེ་ཡང་སྔར་བཞིན་གནང་རོགས་ཞུ་རྒྱུ་ཡིན།ཞེས་བཀའ་སློབ་ཕེབས་ཡོད།
ལྷག་པར་ྋགོང་ས་མཆོག་གིས་ཕན་ཚུན་གཉིས་ཀར་ལྷག་བསམ་རྣམ་དག་གི་སྒོ་ནས་བསམ་འཆར་འདོན་རེས་དང་བློ་གྲོས་གསར་པ་བཏོན་ནས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་གོང་འཕེལ་གཏོང་དགོས་སྐོར་ཐོག་བཀའ་སློབ་སྩལ་དོན།རང་སྐྱོན་རང་གིས་འགེབས་རྒྱུ་དང་གཅིགདེ་བཞིན་རང་གི་སྐྱོན་གཞན་གྱི་ཚུར་ཤོད་རྒྱུ་དང་ཉན་རྒྱུ་གཉིས་ནི་གལ་ཆེན་པོ་རེད།སྐྱོན་བརྗོད་བྱ་རྒྱུ་མ་བྱུང་ན་ཉ་མོ་ཆུ་དང་བྲལ་བ་གཅིག་མཚུངས་རེད་ཅེས་རྟག་ཏུ་བརྗོད་ཀྱི་ཡོད།ཕལ་ཆེར་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༥༧ལོར་མཁས་པ་བརྒྱ་ཡི་མེ་ཏོག་མཉམ་བཞད་ཟེར་རྒྱུ་དེ་ཕལ་ཆེར་ལག་ལེན་མ་བསྟར་བ་ལྟ་བུ་བྱས་སོང༌།ང་ཚོ་རྒྱ་གར་ནང་བསམ་པ་རྣམ་དག་གིས་སྐྱོན་བརྗོད་བྱ་རྒྱུ་དང༌།དང་ལེན་བྱ་རྒྱུ།སོ་སོ་ཡིན་ཡང་སྡུག་ས་ནས་སྐད་ཆ་ཤོད་རྒྱུ་དེ་དག་ང་ཚོས་ལག་ལེན་བྱེད་ཀྱི་ཡོད།ང་ཚོ་བཙན་བྱོལ་ལུང་པའི་ནང་མའོ་ཙེ་ཏུང་གི་གཏམ་བཤད་དེ་ལག་ལེན་བྱེད་མཁན་ཕལ་ཆེར་ང་ཚོ་གཅིག་པུ་ཡིན་པ་འདྲ།རྒྱ་ནག་ནང་དེ་མེད་པའི་བཟོ་འདྲ་པོ་འདུགཅེས་བཀའ་སློབ་ཟབ་མོ་ཕེབས་ཡོད།ཐེངས་འདིའི་དུས་ཆེན་ཐོག་རྒྱ་བོད་ཕྱོགས་གཉིས་ཁྱོན་མི་གྲངས་༤༠༠ལྷག་ཙམ་དང་དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཞབསརྒྱཏྲདྟཎརྡ ཁཎརྣཏཕྲམེ་ཁལ་ཌན་བི་མཆོག་ཆེད་ཕེབས་གནང་བ་མ་ཟད་གསུང་བཤད་གནང་དོན།དེ་རིང་གི་མཛད་སྒོའི་ཐོག་རྒྱ་བོད་ཕྱོགས་གཉིས་མཉམ་འབྲེལ་ཐོག་རྟེན་འབྲེལ་གྱི་མཛད་སྒོ་ཚོགས་པ་འདི་ནི་ྋགོང་ས་མཆོག་ལ་དེ་རིང་གི་དུས་བཟང་འདིར་ཕྱག་རྟགས་ཡག་ཤོས་ཤིག་ཆགས་ཡོད་པ་དང༌།དེ་བཞིན་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད།ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་ནས་རྒྱ་བོད་མི་རིགས་གཉིས་དབར་དོགས་པ་རྣམ་དོགས་སེལ་གལ་ཆེ་བའི་སྐབས་འདིར་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཕྱག་ལས་ལ་ཡི་རང་བསྔགས་བརྗོད་ཀྱི་གསུང་བཤད་གནང་རྗེས་ཕྱོགས་གཉིས་ཀས་དགའ་སྟོན་རྟེན་འབྲེལ་གྱི་གཞས་སྣ་ཁག་གཅིག་ཀྱང་འཁྲབ་སྟོན་གྱིས་གཟིགས་འབུལ་ཞུས་ཡོད་པ་རེད།

Share this:
༩༦ ཀློག་གྲངས།