སློབ་ཡོན་དང་རྒན་རབས་འཚོ་སྣོན་གསལ་བརྡ།

གསལ་བརྡ།

 ༈ མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཆེད་༸རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་བཞིན་གཞོན་སྐྱེས་ཚོར་ཤེས་ཡོན་ལ་སྐུལ་ལྕག་དང་རྒྱབ་སྐྱོར་མཚོན་དོད་དུ་སློབ་ཕྲུག་རེར་ཧིན་སྒོར་ ༡༥༠༠༠ ནས་ ༡༠༠༠༠༠ བར་གྱི་སློབ་ཡོན་མཐུན་འགྱུར་ཞིག་སློབ་ཕྲུག་གྲངས་ ༦༧ ལ་ཞུ་བཞིན་པ་ལྟར་འདི་ལོའང་འབུལ་གཏན་ཁེལ་ཡོད། དེ་བཞིན་རྒན་རབས་རྣམ་པར་བརྩི་བཀུར་དང་བཀའ་དྲིན་རྗེས་དྲན་སླད་ཆུ་སྒང་དགེ་རྩ་ཚོགས་པ་བརྒྱུད་ལོ་ལྟར་རྒན་རབས་ ༡༠༠ ལ་འཚོ་སྣོན་འབུལ་བཞིན་པ་ཁག་ལས་ས་མིག་སྟོང་པ་བྱུང་ཚེ་དེ་དག་ལའང་རིམ་པས་འབུལ་འཆར་ལགས། དེ་ལས་ཀྱང་འདི་ལོར་གསར་གཏོད་བྱས་པའི་བོད་ཡིག་གི་ལམ་ནས་མཐོ་སློབ་འགྲིམ་མཁན་གྱི་སློབ་ཕྲུག་གྲངས་ ༥ ལ་ལོ་རེར་ཧིན་སྒོར་ ༡༠༠༠༠ རེ་སློབ་ཡོན་འབུལ་གཏན་ཁེལ་ཡོད་པས་གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམ་པས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ནང་ཚུན་དབུས་ལ་སྙན་ཞུ་ངེས་འབྱོར་དགོས།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༦་༡་༡༢ ཉིན།

 

        ཆ་རྐྱེན། ༼ཕྱི་ལུགས་མཐོ་སློབ་ཁག༽

༡༽མཐོ་སློབ་ཏུ་ཚུད་ནས་སློབ་ཡོན་ཕུལ་ཟིན་པའི་འབྱོར་འཛིན་ངོ་བཤུས།

༢༽མཐོ་སློབ་གང་དུ་ཚུད་པའི་ངོས་སྦྱོར་ཡིག་ཆ་དངོས།

༣༽འཛིན་རིམ་ ༡༢ ཐོན་པའི་རྒྱུགས་འབྲས་ཨང་ཐོབ་ངོ་བཤུས།

༤༽ས་གནས་ཆུ་སྒང་གི་རྒྱབ་གཉེར་ཡིག་ཆ་དངོས།

༥༽དོ་བདག་གི་ཆུ་སྒང་ཚོགས་མིའི་ལག་དེབ་ངོ་བཤུས།

 

       ཆ་རྐྱེན། ༼བོད་ཡིག་གི་མཐོ་སློབ་ཁག༽

༡༽མཐོ་སློབ་གང་དུ་ཚུད་པའི་ངོས་སྦྱོར་ཡིག་ཆ་དངོས།

༢༽དོ་བདག་གི་ཆུ་སྒང་ཚོགས་མིའི་ལག་དེབ་ངོ་བཤུས།

 

       ཆ་རྐྱེན། ༼རྒན་རབས་འཚོ་སྣོན།༽

༡༽ས་གནས་ཆུ་སྒང་གི་རྒྱབ་གཉེར་ཡིག་ཆ་དངོས།

༢༽དོ་བདག་གི་ཆུ་སྒང་ཚོགས་མིའི་ལག་དེབ་ངོ་བཤུས།

Share this:
༢༣༩ ཀློག་གྲངས།