《ཁ་སང་གི་གཏམ་རྒྱུད།》ཅེས་པར་བྱ་དགའ།

དེ་ནི་ད་ལོའི་ཟླ་༡༡ པར་པེ་ཅིང་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་བརྙན་འཕྲིན་སྐོར་གྱི་བརྩམས་ཆོས་དབྱེ་ཞིབ་ཚོགས་འདུའི་སྟེང་བྱ་དགའ་ཐོབ་རྗེས་ཀྱི་བྱ་དགའ་ཐེངས་དང་པོ་དེ་ཡིན་པ་རེད།  དེས་མཚོ་སྔོན་ཞིང་ཆེན་གྱི་བོད་སྐད་ཀྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལེ་ཚན་དེ་སྔར་གྱི་སྐད་བསྒྱུར་བ་ཙམ་མིན་པར་རང་བདག་གསར་སྐྲུན་དང་ཐོད་བརྒལ་རང་བཞིན་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་སྐས་རིམ་དུ་གོམ་པ་སྤོས་པ་གསལ་པོ་མཚོན་ཡོད།  
ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་《ཁ་སང་གི་གཏམ་རྒྱུད།》ཅེས་པའི་ནང་དུ་གནའ་གཏམ་བཤད་པའི་ཐབས་ལམ་ལ་བརྟེན་ནས། ལོ་ངོ་སུམ་ཅུ་ལྷག་བརྒྱུད་པའི་རིང་གི་སྒྲ་སྡུད་འཕྲུལ་ཆས་དང་བརྙན་འཕྲིན་འཕྲུལ་ཆས། དྲ་བ་སོགས་རིན་ཐང་མི་འདྲ་བའི་འཕོ་འགྱུར་དང་། དེང་རབས་ཀྱི་དཔལ་ཡོན་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་གྱི་དཔལ་འབྱོར་དང་འཚོ་བར་ཐེབས་པའི་ཤན་ཤུགས། རྩྭ་ཐང་ན་འཚོ་གཞིས་བྱེད་པའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་མཚོན་པར་བྱས་ཡོད།
མུ་འབྲེལ་བརྙན་འཕྲིན་ཟློས་གར་དེས་བོད་ཀྱི་སྲོལ་རྒྱུན་མ་ཉམས་པའི་སྤྱི་ཚོགས་ཤིག་བརྗོད་བྱར་བཟུང་ཡོད་པ་དང། རིག་གནས་གསར་རྙིང་གི་འགལ་འདུའི་བརྒྱུད་རིམ་ལ་བརྟེན་ནས། བོད་རིགས་མི་དམངས་ཀྱིས་འཆམ་མཐུན་ལ་བསྙེགས་ཤིང་འཕེལ་རྒྱས་ལ་བརྩོན་པའི་བརྒྱུད་རིམ་རྒྱས་བཤད་བྱས་ཡོད་ཅེས་གནས་ཚུལ་སྤེལ་འདུག །

Share this:
༡༦ ཀློག་གྲངས།