རྒྱ་ནག་གི་འགྲེམས་སྟོན་ལ་ངོ་རྒོལ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོས་པའི་མི་སྒེར་དང་ཚོགས་པ་མང་པོ་ཞིག་གིས་འགྲེམས་སྟོན་ཁང་དེར་ངོ་རྒོལ་གྱི་ཡི་གེ་ཁག་༣༠༠ ཙམ་ཞིག་འབྱོར་ཡོད་པ་དང༌། སྙན་ཞུ་དེ་ཚོའི་ནང་འགྲེམས་སྟོན་ཁང་དེས་ཕྱོགས་ལྷུང་མེད་པའི་བོད་སྐོར་གྱི་འགྲེམས་སྟོན་ཞིག་གོ་སྒྲིག་དགོས་པའི་འབོད་སྐུལ་བྱས་པ་མ་ཟད།  《བོད། འཛམ་གླིང་མཐོ་སྒང་གི་ནོར་རྫས》ཞེས་པའི་འགྲེམས་སྟོན་དེ་དྲང་བདེན་མིན་པའི་གཏམ་བཤད་དང། འགྲེམས་སྟོན་དེ་འགོ་འཛུགས་བྱས་པ་ནས་བཟུང་གཟའ་མཇུག་ཏུ་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེའི་མདུན་དུ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། ངོ་རྒོལ་བྱེད་མཁན་ཚོས་བོད་སྐོར་གྱི་འགྲེམས་སྟོན་དེ་རྒྱ་ནག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འཁྱོག་བཤད་དང་རྫུན་བཟོ་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་དོན་གཅོད་ཁང་གི་དྲ་རྒྱའི་ཐོག་ཡུའུ་ནོ་འགྲེམས་སྟོན་ཁང་དུ་ཚུགས་པའི་བོད་སྐོར་གྱི་འགྲེམས་སྟོན་དེས། བོད་ཀྱི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་གཉིས་ཀ་གསལ་སྟོན་བྱེད་ཀྱི་མེད་སྐོར་སྐྱོན་བརྗོད་ཀྱང་གནང་ཡོད་པ་རེད་འདུག
སྤྱིར་རྒྱ་གཞུང་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་སྦས་ཐབས་དང། ཕྱི་གླིང་པའི་མདུན་དུ་འདྲ་ཆགས་པོ་ཡོང་ཕྱིར་གང་སར་མི་སྣའི་འཛུམ་མདངས་ཀྱིས་ཁེངས་པའི་པར་རིས་བཤམས་ནས་གུང་ཁྲན་ཏང་གི་བཀའ་དྲིན་གྱིས་བོད་མི་རྣམས་ཀྱི་འཚོ་བ་ཡག་པོ་ཡོད་ལུགས་དང། སྐྱོ་ཉམས་ཅན་དང་འབག་བཙོག་ཅན་གྱི་པར་རིས་བཤམས་ནས་བོད་རྙིང་པའི་འཚོ་བ་ཡག་པོ་མེད་ཚུལ་གྱིས་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང། དེང་གི་མི་རྣམས་ཀྱི་གོ་རྟོགས་གོང་འཐོར་འགྲོ་བ་དང་བསྟུན་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་ཡང་སྦས་གསང་བྱེད་མི་ཐུབ་པར་འགྱུར་བཞིན་པ་དང། རྒྱ་ནག་གཞུང་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད།།

Share this:
༦༠ ཀློག་གྲངས།