ཀོ་པེན་ཧེ་གྷན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་རིག་པའི་སྡེ་ཚན་སྒོ་བརྒྱབ་འདུག

126748དེ་ཡང་ཌེན་མཀ་གཞུང་གིས་ཕྱི་ལོ་༢༠༡༦ ལོའི་སྔོན་རྩིས་འཆར་གཞིའི་ནང་། རྒྱལ་ཁབ་དེའི་ནང་ཤེས་ཡོན་དང་ཞིབ་འཇུག་ཆེད་ལོ་སྔོན་མའི་ཌེན་མཀ་སྒོར་ཐེར་འབུམ་༢༢ ནས་ཐེར་འབུམ་༡.༤ ལ་ཉུང་དུ་བཏང་ཡོད་པ་དང་། གཙུག་ལག་སློབ་གཉེར་ཁང་ཚོས་ལོ་བཞིའི་རིང། ལོ་རེའི་འགྲོ་གྲོན་དེ་སྔོན་ལས་ཌེན་མཀ་སྒོར་ས་ཡ་༥༠༠ ཡིས་ཉུང་དུ་གཏང་དགོས་པ་གཏན་འབེབས་བྱས་ཡོད་པས། གཙུག་ལག་སློབ་གཉེར་ཁང་ཚོས་དགེ་རྒན་ཆེན་མོ་དང་ལས་བྱེད་མང་པོ་ཕྱིར་འབུད་བྱེད་དགོས་བྱུང་ཡོད་པ་རེད་འདུག

དེ་ཡང་ཀོ་པེན་ཧེ་གྷན་གཙུག་ལག་སློབ་གྲྭ་ཆེན་མོའི་ལས་བྱེད་༥༠༠ ལྷག་ལས་ཀ་མེད་པ་ཆགས་ཡོད་འདུག་པ་དང།  སློབ་གཉེར་ཁང་དེས་བོད་ཀྱི་རིག་པའི་སྡེ་ཚན་སྒོ་བརྒྱབ་པ་དང། བོད་རིག་པའི་དགེ་རྒན་རྣམས་ཀྱང་ལས་གནས་ནས་གནས་དབྱུང་བཏང་ཡོད་པས། སློབ་མ་༡༢ ལ་གྱོང་གུད་བྱུང་ཡོད་འདུག

སློབ་གཉེར་ཁང་དེར་བོད་ཀྱི་རིག་པ་ཐོག་མར་ཕྱི་ལོ་༡༩༥༠ ཡི་ནང་དུ་འགོ་ཚུགས་ཡོད་སྐོར་འབྲེལ་ཡོད་བོད་རིག་པའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༠༡ ཀློག་གྲངས།